ཀྲུང་གོ་བོད་ཀྱི་དྲ་བ།

《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྲོལ་ཡིག》གི་དེབ་རྐྱང་མ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གིས་དཔར་འགྲེམ་བྱས་པའི《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྲོལ་ཡིག》གི་དེབ་རྐྱང་མ་དེ་ཉེ་ལམ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ། ཉིན་དེ་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཁང་དུ་འགྲེམ་སྤེལ་བྱས།

དེབ་རྐྱང་མ་དེའི་ཁྲོད《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྲོལ་ཡིག》ཆ་ཚང་དང་། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས། ཡིག་ཚགས་ཞིབ་འཇུག་ཁང་གིས་འགན་འཁུར་མི་སྣས《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྲོལ་ཡིག》ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་འདེབས་པའི་སྐོར་དང《མི་དམངས་ཉིན་རེའི་ཚགས་པར》གྱི་དཔྱད་གཏམ་པའི་རྩོམ་ཡིག་བཅས་འཚོལ་བསྡུ་བྱས་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།