ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ལྕགས་ལམ་ལས་གཞིའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་དོ་དམ་བྱེད་ཐབས་ཚད་ལྡན་དུ་བཏང་།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་ཆ་འཕྲིན་སྤེལ་ཏེ། ལྕགས་ལམ་ལས་གཞིའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ཀྲུང་དབྱང་མ་དངུལ་གྱི་བཀོལ་སྤྱོད་ཕན་ནུས་འདོན་སྤེལ་བྱེད་པ། ལྕགས་ལམ་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། ལྕགས་ལམ་ལས་གཞིའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ཆེད་དོན་དོ་དམ་བྱེད་ཐབས་པར་འགྲེམ་བྱས།

བྱེད་ཐབས་ནང་དུ། འགྲུལ་ཟོག་མཉམ་འཛིན་དང་གསར་སྐྲུན་དང་རྒྱས་སྐྲུན་དམ་འཛིན་གྱི་རྩ་དོན་ལྟར། དབུས་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་རྒྱུ་ལམ་གཙོ་བོ་གེགས་མེད་ཡོང་བ་དང་མཐའ་མཚམས་རྒྱལ་སྲུང་འགན་སྲུང་མ་ལག་གི་ལྕགས་ལམ་ལས་གཞི་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། པེ་ཅིང་དང་ཐེན་ཅིན། ཧི་པེ་བར་གྱི་ལྕགས་ལམ་ལས་གཞིར་རྒྱབ་སྐྱོར་བྱེད་པ། ལྕགས་ལམ་གྱི་ཟོག་འདྲེན་ནུས་པ་མཐོར་འདེགས་ལས་གཞིར་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་བཅད་མེ་འཁོར་གྱི་ལྕགས་ལམ་ལས་གཞིའི་རྨང་གཞིའི་སྒྲིག་ཆས་རིམ་སྤོར་སྒྱུར་བཀོད་དང་ལྕགས་ལམ་གཙོ་བོའི་ནུས་སྐྱེད་སྒྱུར་བཀོད་ལས་གཞིར་རྒྱབ་སྐྱོར་བྱེད་པ་བཅས་བྱེད་དགོས། ལྕགས་ལམ་མ་ལག་གི་རྒྱབ་སྐྱོར་ཁྱབ་ཁོངས་ནང་དུ་དབུས་ནུབ་རྒྱུད་དང་ཤར་བྱང་ས་ཁུལ་འདུས་ཡོད་ལ། དེ་མིན་དབུས་ནུབ་རྒྱུད་ས་ཁུལ་གྱི་རྒྱབ་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་པར་གཏན་འཁེལ་གསལ་བོ་བྱས་ཡོད་པའི་ཀྲུང་དབྱང་གི་གསར་བརྗེའི་རྟེན་གཞི་དང་གསར་བརྗེའི་གནས་རྙིང་ཁུལ་གྱི་འབྲེལ་ཡོད་རྫོང་དང་གྲོང་ཁྱེར། དར་རྒྱས་ཞན་པའི་ས་ཁུལ་སོགས་ཚུད་ཡོད།

མ་དངུལ་བཀོད་སྒྲིག་ཐད་ནས། བྱེད་ཐབས་ནང་དུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་ཆོག་པའི་མཆན་འགོད་བཀའ་ལན་གནང་སྐབས་མ་དངུལ་གཏོང་བར་ཁས་བླངས་པར་མ་ཟད། དངུལ་གཏོང་ཁ་གྲངས་གཏན་འཁེལ་གསལ་བོ་བྱས་པའི་ལས་གཞིར། རྩ་དོན་སྟེང་ཁས་བླངས་པའི་དངུལ་གྲངས་ཀྱི་ཚད་གཞི་ལྟར། ལོ་རེའི་དངུལ་གཏོང་འཆར་གཞི་དང་བཟོ་སྐྲུན་འཛུགས་སྐྲུན་འཕེལ་རིམ་ལ་དམིགས་ཏེ་ཀྲུང་དབྱང་སྔོན་རྩིས་ནང་གི་ལོ་རེའི་དངུལ་གཏོང་འཆར་གཞི་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་དགོས།  རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་བྱས་ཆོག་པའི་མཆན་འགོད་བཀའ་ལན་གནང་སྐབས་མ་དངུལ་གཏོང་བར་ཁས་བླངས་མོད། འོན་ཀྱང་དངུལ་གཏོང་ཁ་གྲངས་གཏན་འཁེལ་གསལ་བོ་བྱས་མེད་པའི་ལས་གཞིར་ལས་གཞི་བཟོ་སྐྲུན་གྱི་འཕེལ་རིམ་དང་ཟུང་འབྲེལ་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་ལུགས་མཐུན་བཀོད་སྒྲིག་བྱེད་དགོས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།