ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལོས་ཡོན་རྣམ་གཉིས་ཀྱིས་ཨ་མེ་རི་ཁའི་ལིན་ཁིན་སློབ་འབྲིང་གི་དགེ་སློབ་དག་ལ་ལོ་སར་གྱི་རྟེན་འབྲེལ་སྨོན་བྱང་བསྐུར།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2024-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལོས་ཡོན་རྣམ་གཉིས་ཀྱིས་ཨ་མེ་རི་ཁའི་ལིན་ཁིན་སློབ་འབྲིང་གི་དགེ་སློབ་དག་ལ་ལོ་སར་གྱི་རྟེན་འབྲེལ་སྨོན་བྱང་བསྐུར་ནས། ལུགས་རྙིང་གི་འབྲུག་ལོའི་ལོ་སར་ལ་སྨོན་འདུན་ཞུས་པ་དང་། དགེ་སློབ་དག་ཀྲུང་གོར་ལྟ་སྐོར་དུ་ཡོང་བར་དགའ་བསུ་ཞུས། དེའི་ནང་ལོ་ལྔའི་ནང་ཨ་མེ་རི་ཁའི་ན་གཞོན་ཁྲི་ལྔ་ཀྲུང་གོར་བརྗེ་རེས་སློབ་སྦྱོང་བྱེད་དུ་ཡོང་བའི་རྣམ་གྲངས་ལ་ཞུགས་མཁན་ཡང་འདུས་ཡོད། དེ་ལས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ཁྱད་པར་དུ་ན་གཞོན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་རོགས་འདེགས་བྱེད་དགོས་ཞེས་གསུངས།

དེའི་སྔོན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་མངའ་སྡེའི་ལིན་ཁིན་སློབ་འབྲིང་གི་དགེ་སློབ་དག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་། དགེ་རྒན་ཆེན་མོ་ཕིན་ལོས་ཡོན། རྒྱལ་ཡོངས་ཀྱི་མི་དམངས་བཅས་ལ་ལོ་གསར་བའི་རྟེན་འབྲེལ་སྨོན་བྱང་བསྐུར་ཡོང་སྟེ། ཀྲུང་གོའི་མི་དམངས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་མི་དམངས་དག་ལོ་གསར་བའི་ནང་སྤྲོ་སྐྱིད་ལྡན་ཞིང་ལུས་ཕུང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། དགེ་རྒན་དང་སློབ་གྲོགས་བརྒྱ་ལྷག་གིས་རྟེན་འབྲེལ་སྨོན་བྱང་སྟེང་མིང་བཀོད་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།