ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་ཀྱི་དམིགས་འབེན་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་སུའུ་ཧྲི་ཡིས་ཉེ་སྔོན་མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཟེར་འདེབས་ཀྱི་སྙིང་སྟོབས་བཟུང་སྟེ་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་ཀྱི་དམིགས་འབེན་ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པ་བསྟུད་མར་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགོ་ལེགས་པོར་རྩོམ་པར་ནུས་ཡོད་ཀྱིས་གཞོགས་འདེགས་བྱེད་རྒྱུ་རེད་ཟེར།

ལིའུ་སུའུ་ཧྲི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་དངོས་འབེབས་བྱེད་པར་སྤྱིའི་ཆ་ནས་དུས་ཚོད་ཕྱེད་ཀ་བརྒལ་བ་དང་ལས་འགན་ཕྱེད་ཀ་འགྲུབ་པ་མངོན་འགྱུར་བྱུང་ཡོད། དམིགས་འབེན་དང་དམིགས་ཚད་གཙོ་བོར་བལྟས་ན། དམིགས་ཚད་གཙོ་བོ་ཉི་ཤུའི་ཁྲོད་ཀྱི་སྣ་བཅུ་དྲུག་ཕལ་ཆེར་འོས་འཚམ་དང་ཡང་ན་སྔོན་དཔག་ལ་མགྱོགས་པར་མངོན་ཡོད། འཐབ་ཇུས་གལ་ཆེན་ཐད་ནས་བལྟས་ན། ཕྱོགས་བཅུ་བདུན་གྱི་འཐབ་ཇུས་ལས་འགན་གཙོ་བོ་དག་སྤྱི་ཕྱོགས་ནས་བདེ་བླག་ངང་ལག་བསྟར་བྱས་ཡོད། བཟོ་སྐྲུན་རྣམ་གྲངས་གལ་ཆེན་ཐད་ནས་བལྟས་ན། བཟོ་སྐྲུན་རྣམ་གྲངས་གལ་ཆེན་བརྒྱ་དང་གཉིས་ཁྲོད་ཀྱི་རྣམ་གྲངས་གོ་དྲུག་གི་མྱུར་ཚད་སྔོན་དཔག་དང་འཚམ་ལ། རྣམ་གྲངས་དྲུག་ཕལ་ཆེར་སྔོན་དཔག་དང་འཚམ་ཟེར།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།