ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་སྐྱེལ་འདྲེན་འགོ་བརྩམས་པའི་ཚུན་ལ་རྒྱལ་ཡོངས་སུ་མི་སྣ་འགྲོ་སྐྱོད་ཀྱི་ཚད་མི་ཐེངས་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་ཙམ་ལ་སླེབས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2024ལོའི་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་ལོ་སར་སྐྱེལ་འདྲེན་བྱ་བའི་ཆེད་དོན་འགོ་ཁྲིད་ཚན་ཁག་གི་གཞི་གྲངས་ལས་མངོན་པ་ལྟར་ན།   ཟླ2པའི་ཚེས10ཉིན་སྤྱི་ཚོགས་ཡོངས་ཀྱི་ཁུལ་ཁོངས་བརྒལ་བའི་མི་སྣ་འགྲོ་སྐྱོད་ཀྱི་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་གཅིག་དང་བྱེ་བ་དགུ་ལ་སླེབས་ཡོད།   དེའི་ཁྲོད།  གཞུང་ལམ་ཐོག་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ཡིན་པ་དང་།   ལྕགས་ལམ་ཐོག་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ས་ཡ་ལྔ་དང་འབུམ་ལྔ་ཡིན་ལ།    ཆུ་ལམ་ལས་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་འབུམ་ལྔ་དང་ཁྲི་གསུམ་ཡིན་ཞིང་།  གནམ་གྲུ་ལས་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་དགུ་རེད།

ལོ་སར་སྐྱེལ་འདྲེན་གྱི་ཉིན་བཅུ་དྲུག་གི་རིང་ལ།    སྤྱི་ཚོགས་ཡོངས་སུ་ཁུལ་ཁོངས་བརྒལ་བའི་མི་སྣའི་འགྲོ་སྐྱོད་ཀྱི་ཚད་ཕལ་ཆེར་མི་ཐེངས་ཐེར་འབུམ་གསུམ་དང་དུང་ཕྱུར་གསུམ་ལ་སླེབས།  གངས་དར་ཡུལ་སྐོར་གྱི་མཐོ་རླབས་སླེབས་པ་དང་བསྟུན་ནས།   ལྕགས་ལམ་སྡེ་ཁག་གིས་ཡུལ་སྐོར་གྱི་གྲོང་ཁྱེར་མང་བོའི་ལྕགས་ལམ་ས་ཚུགས་ཀྱིས་སྤྱི་སྤྱོད་རླངས་འཁོར་དང་ལྕགས་ལམ་འགྲིམ་འགྲུལ།   དམངས་སྤྱོད་མཁའ་འགྲུལ་སོགས་དང་མཉམ་འབྲེལ་བྱས་ཏེ་ཡུལ་སྐོར་པ་རྣམས་ལ་སྟབས་བདེ་གང་ལེགས་བསྐྲུན།   འགྲིམ་འགྲུལ་སྡེ་ཁག་གིས་ལྕགས་ལམ་ས་ཚུགས་དང་གནམ་གྲུ་ཐང་གི་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་ལམ་ཐིག་གི་འཁོར་སྐྱོད་ཞབས་ཞུའི་ཆུ་ཚོད་ཇེ་རིང་དུ་བཏང་བ་ལས་གཞན།  གནམ་གྲུ་ཐང་མང་བོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཁ་སྣོན་བྱེད་པ་སོགས་བྱས་ཏེ་ཡུལ་སྐོར་པ་རྣམས་ལ་རྣམ་པ་སྣ་མང་གི་འགྲོ་སྐྱོད་བྱེད་ཐབས་འདོན་སྤྲོད་བྱས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།