ཀྲུང་གོ་བོད་ཀྱི་དྲ་བ།

2023ལོར་རྒྱལ་ཡོངས་ཀྱི་གཞི་རྒྱ་ཅུང་ཆེ་བའི་རིག་གནས་ཁེ་ལས་ཀྱི་ཁེ་སྤོགས་བརྒྱ་ཆའི་སུམ་ཅུ་ལྷག་འཕར་སྣོན་བྱུང་།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཉེ་སྔོན་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར་རྒྱལ་ཡོངས་ཀྱི་གཞི་རྒྱ་ཅུང་ཆེ་བའི་རིག་གནས་ཁེ་ལས་ཀྱིས་ཁེ་སྤོགས་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཅིག་ཐེར་ཆེན་ལྔ་ཐེར་འབུམ་དྲུག་དུང་ཕྱུར་དྲུག་མངོན་འགྱུར་བྱུང་བ་དང་། ལོ་སྔོན་མ་ལས་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་དགུ་འཕར་ཡོད་ལ། ལོ་གཉིས་ལ་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་ལྔ་འཕར་ཡོད་པ་དང་། ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་དགུ་གསུམ་ཡིན་ལ། ལོ་སྔོན་མ་ལས་བརྒྱ་ཆའི་གྲངས་གནས་གཅིག་དང་གྲངས་ཆུང་ལྔ་ལྔ་ཇེ་མཐོར་སོང་ཡོད།

བསྡོམས་རྩིས་གཞི་གྲངས་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་ཏུ། གཞི་རྒྱ་ཅུང་ཆེ་བའི་རིག་གནས་ཁེ་ལས་ཀྱི་རྒྱུ་ནོར་སྤྱི་བསྡོམས་པས་སྒོར་རབ་བཀྲམ་གཅིག་དང་ཁྲག་ཁྲིག་ཆེན་མོ་དགུ་ཁྲག་ཁྲིག་དྲུག་ཐེར་ཆེན་གཉིས་ཡིན་པ་དང་། ལོ་སྔོན་མའི་ལོ་མཇུག་ལས་བརྒྱ་ཆའི་བདུན་དང་གྲངས་ཆུང་དྲུག་འཕར་ཡོད། རྒྱུ་ནོར་སྒོར་མོ་བརྒྱ་རེར་ཚོང་གཉེར་ཡོང་འབབ་སྒོར་རེ་བརྒྱད་དང་ཟུར་གསུམ་མངོན་འགྱུར་བྱུང་ཡོད་ལ། སྒོར་ཟུར་བརྒྱད་འཕར་སྣོན་བྱུང་ཡོད།

སྒུལ་ནུས་གསར་བ་མུ་མཐུད་དུ་འདོན་སྤེལ་བྱས་ནས་རིག་གནས་ལས་རྣམ་གསར་བའི་ལས་རིགས་སྐུལ་ཁྲིད་ནུས་པ་མངོན་གསལ་གྱིས་ཇེ་མཐོར་སོང་། ཉིས་སྟོང་ཉེར་གསུམ་ལོར། རིག་གནས་ལས་རྣམ་གསར་བའི་ཁྱད་ཆོས་ཅུང་མངོན་གསལ་ཡིན་པའི་ལས་རིགས་བཅུ་དྲུག་ལ་ཚོང་གཉེར་ཡོང་འབབ་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་དང་ཁྲག་ཁྲིག་གཉིས་ཐེར་ཆེན་གསུམ་ཐེར་འབུམ་དགུ་དུང་ཕྱུར་ལྔ་མངོན་འགྱུར་བྱས་པ་དང་། ལོ་སྔོན་མ་ལས་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་གསུམ་འཕར་ཡོད་ལ། གཞི་རྒྱ་ཆེ་བའི་རིག་གནས་ཁེ་ལས་ཚང་མའི་བརྒྱ་ཆའི་གྲངས་གནས་བདུན་དང་གྲངས་ཆུང་གཅིག་གིས་མགྱོགས་པར་མངོན།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་སྤྱི་ཚོགས་ཚན་རིག་རིག་གནས་ཟི་ཡི་མཐོ་རིམ་བསྡོམས་རྩིས་མཁན་ཀྲང་ཕིན་གྱིས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོར། རིག་གནས་ཀྱི་ལས་རྣམ་གསར་བས་གཞི་རྒྱ་ཅན་གྱི་རིག་གནས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་འཕར་སྣོན་བྱུང་ཚད་བརྒྱ་ཆའི་བདུན་ཅུ་དང་གྲངས་ཆུང་དགུ་ཡིན་པ་དང་། དེའི་ནང་འདོགས་བཏགས་ཆོག་པའི་རིག་ནུས་རིག་གནས་སྒྲིག་ཆས་ཀྱི་བཟོ་སྐྲུན་དང་གཞི་གྲངས་པར་སྐྲུན། སྨྱན་བྱད་མང་བོའི་རོལ་རྩེད་འགུལ་རིས། གཞི་གྲངས་པར་སྐྲུན་མཉེན་ཆས་ཀྱི་གསར་སྤེལ། མཉམ་འབྲེལ་དྲ་བའི་འཚོལ་བཤེར་ཞབས་ཞུ། རོལ་རྩེད་དུ་བཀོལ་བའི་རིག་ནུས་མི་བསྡད་མེད་པའི་འཕུར་སྐྱོད་འཕྲུལ་ཆས་ཀྱི་བཟོ་སྐྲུན། མཉམ་འབྲེལ་དྲ་བའི་བརྡ་འཕྲིན་ཞབས་ཞུ་གཞན་པའི་ལས་རིགས་ཆུང་བ་རིགས་དྲུག་གི་ཚོང་གཉེར་ཡོང་འབབ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད་ཟེར།  །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།