ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་ཟས་རིགས་ཐོན་རྫས་བརྟན་འཇགས་ཐོན་སྐྱེད་ལ་འགན་སྲུང་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་ཞིང་སྡེ་པུའུ་ཡི་ཆ་འཕྲིན་ལྟར་ན།   ལོ་སར་སྐབས་སུ་ཟས་རིགས་ཐོན་རྫས་འདོན་སྤྲོད་སྤྱི་འབོར་ལ་འགན་སྲུང་ལེགས་པོ་བྱས་ཡོད།  ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། 2024ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་ཤ་དང་བྱ་སྒོང་།   འོ་མ་བཅས་ཀྱི་ཐོན་ཚད་འདང་ངེས་ཡིན་པ་དང་།   ཟླ1དང་པོར་སྔོ་ཚལ་གྱི་རྒྱ་ཁྱོན་བརྟན་འཇགས་ཁྲོད་འཕར་སྣོན་བྱུང་ཡོད།

ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་ཟི་དང་ཅུའུ་ཡི་འགན་ཁུར་མི་སྣས་བསྟན་དོན།   ལོ་སར་སྐབས་སུ།  ཟས་རིགས་ཐོན་རྫས་འདོན་སྤྲོད་ཀྱི་སྤྱི་འབོར་ལ་འགན་སྲུང་ལེགས་པོ་ཐོབ་ཡོད་མོད།  འོན་ཀྱང་།   དགུན་དཔྱིད་སྐབས་སུ་དུས་རིམ་རང་བཞིན་དང་ཁུལ་ཁོངས་རང་བཞིན་གྱི་དྲོད་དམའ་གངས་ཆར་འཁྱགས་དར་གྱི་གནམ་གཤིས་ཡོད་པས།   གཏན་འཇགས་ཐོན་སྐྱེད་འགན་སྲུང་ལ་ཉེན་ཁའི་འགྲན་རྩོད་ཆེན་པོ་ཡོད་ངེས།

ཉེ་ལམ་ཁྱབ་བསྒྲགས་བྱས་པའི2024ལོའི་ཀྲུང་དབྱང་ཡིག་ཆ་དང་པོའི་ནང་དུ།     ཟས་རིགས་ཐོན་རྫས་འཕྲལ་བསྟུན་འགན་སྲུང་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཕག་གི་ཐོན་ནུས་སྙོམས་སྒྲིག་ནང་རྐྱེན་ལེགས་སྒྱུར་བྱེད་པ།    ནོར་ལུག་ཤའི་རྨང་གཞིའི་ཐོན་སྐྱེད་ནུས་པ་བརྟན་འཇགས་སུ་གཏོང་དགོས་ཞེས་བསྟན་ཡོད།

འགན་ཁུར་མི་སྣ་དེས་བསྟན་དོན།   འགན་འཁྲི་ཇེ་དམ་དུ་གཏོང་བ་དང་ཐོན་སྐྱེད་བརྟན་འཇགས་སུ་གཏོང་བ།  ལྟ་སྐུལ་ལ་ཤུགས་སྣོན་པ།  སྦྲེལ་མཐུད་ལ་ཡར་སྐུལ་བྱེད་པ།  ལྟ་ཞིབ་ཚད་ལེན་དམ་འཛིན་བཅས་གཙོར་བཟུང་ནས་བསྒྲུབ་དགོས།  ཟས་རིགས་ཐད་ཀྱི་གྲོང་ཁྱེར་འགོ་གཙོའི་འགན་འཁྲིའི་ལམ་ལུགས་ཇེ་དམ་དུ་བཏང་སྟེ་ས་ཁུལ་དང་རིགས་བགར་ནས་སྔོ་ཚལ་ཐོན་སྐྱེད་དམ་འཛིན་བཟང་བོ་བྱེད་པ་དང་།  ཕག་དང་ནོར།  ལུག་སོགས་ཀྱི་གསོ་སྤེལ་ལ་སྤྱི་འདོམས་བྱས་ཏེ་བཟང་བོར་བསྒྲུབ་པ།   ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ།   ཐོན་ཁུལ་གཙོ་བོ་དང་གྲོང་ཁྱེར་ཆེ་འབྲིང་གིས་སྦྲེལ་མཐུད་འབྲེལ་བ་འཛུགས་པར་ཁྲིད་སྟོན་བྱས་ཏེ་དུས་ཐོག་ཏུ་ཆ་འཕྲིན་འདོན་སྤྲོད་བྱེད་པ་དང་ཁྲོམ་རའི་སྔོན་དཔག་བརྟན་འཇགས་སུ་གཏོང་དགོས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།