ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་མཁོ་མེད་དངོས་པོ་རེས་འཁོར་གྱིས་བེད་སྤྱོད་བྱེད་པའི་མ་ལག་མྱུར་དུ་འཛུགས་པའི་སྐོར་གྱི་བསམ་འཆར་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་མཁོ་མེད་དངོས་པོ་རེས་འཁོར་གྱིས་བེད་སྤྱོད་བྱེད་པའི་མ་ལག་མྱུར་དུ་འཛུགས་པའི་སྐོར་གྱི་བསམ་འཆར་པར་སྐྲུན་འགྲེམ་སྤེལ་བྱས།

བསམ་འཆར་ལས་ནན་གྱིས་བསྟན་དོན། མཁོ་མེད་དངོས་པོ་རེས་འཁོར་གྱིས་བེད་སྤྱོད་བྱེད་པའི་མ་ལག་མྱུར་དུ་འཛུགས་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མ་ལག་ལྡན་པར་འཆར་འགོད་དང་མཉམ་འབྲེལ་སྐུལ་འདེད་གཏོང་བ། རིགས་དགར་ཇུས་བསྟར། གནད་འཁེལ་ཤུགས་འདོན། སྒུལ་ཤུགས་གསར་གཏོད། སྤུས་འདེགས་ནུས་འཕར། སྲིད་གཞུང་སྣེ་ཁྲིད། ཚོང་ར་གཙོར་འཛིན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རེས་འཁོར་གྱིས་ཡང་བསྐྱར་བེད་སྤྱོད་དང་ཐོན་ཁུངས་ལེགས་སྒྱུར་བྱེད་པའི་འཁོར་སྐྱོད་དཔལ་འབྱོར་འདུ་ཤེས་བརྩི་སྲུང་བྱས་ནས། ཐོན་ཁུངས་ཀྱི་ཕན་ནུས་མཐོར་འདེགས་བྱེད་པ་དམིགས་འབེན་དུ་བྱེད་དགོས་ལ། མཁོ་མེད་དངོས་པོར་དོ་དམ་ཞིབ་ཚགས་བྱེད་པ་དང་ཕན་ནུས་ལྡན་པར་ཕྱིར་བསྡུ་བྱེད་པ། ནུས་མཐོས་བེད་སྤྱོད་བྱེད་པ་བཅས་ཀྱི་ཐབས་ལམ་བརྒྱུད་དེ། ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་སོ་སོར་ཁེབས་པར་བྱེད་པ་དང་། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་སྐུལ་སྤེལ་བྱེད་པ། ཡོངས་ལ་ཁེབས་པ་དང་འཁོར་སྐྱོད་ནུས་མཐོ་ཡིན་པ། ཚད་ལྡན་གོ་རིམ་ལྡན་པའི་མཁོ་མེད་དངོས་པོའི་འཁོར་སྐྱོད་བེད་སྤྱོད་མ་ལག་མྱུར་དུ་བཙུགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྷད་མེད་ཐཱན་ཉུང་གི་རྨང་གཞི་བརྟན་པོར་ཆགས་སུ་བཅུག་ནས་ཕྱོགས་ཡོངས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས་ཟེར།

བསམ་འཆར་ལས་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོའི་བར། ཁྱབ་ཁོངས་སོ་སོ་དང་ལས་རིམ་སོ་སོར་ཁེབས་པའི་མཁོ་མེད་དངོས་པོའི་རེས་འཁོར་བེད་སྤྱོད་མ་ལག་འཛུགས་དགོས་པ་དང་། ཉིས་སྟོང་སུམ་ཅུ་ལོའི་བར། ཡོངས་ལ་ཁེབས་པ་དང་འཁོར་སྐྱོད་ནུས་མཐོ་ཡིན་ལ། ཚད་ལྡན་གོ་རིམ་ལྡན་པའི་མཁོ་མེད་དངོས་པོའི་རེས་འཁོར་བེད་སྤྱོད་མ་ལག་བཙུགས་ནས་མཁོ་མེད་དངོས་པོའི་རེས་འཁོར་བེད་སྤྱོད་ཆུ་ཚད་སྤྱིའི་ཆ་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པར་བྱེད་དགོས་ཟེར།

བསམ་འཆར་ལས་ཕྱོགས་ལྔའི་སྲིད་ཇུས་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་ཡོད་དེ། གཅིག་ནས་མཁོ་མེད་དངོས་པོའི་ཞིབ་ཚགས་དོ་དམ་དང་ནུས་ལྡན་ཕྱིར་བསྡུ་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་མཁོ་མེད་དངོས་པོའི་ཐོན་ཁུངས་ཅན་དང་ཡང་བསྐྱར་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས། གསུམ་ནས་མཁོ་མེད་དངོས་པོ་གཙོ་བོའི་རེས་འཁོར་བེད་སྤྱོད་ལ་ཤུགས་སྣོན་དགོས། བཞི་ནས་ཐོན་ཁུངས་རེས་འཁོར་བེད་སྤྱོད་ཀྱི་ཐོན་ལས་སྟོབས་ལྡན་དུ་གཏོང་དགོས། ལྔ་ནས་སྲིད་ཇུས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

བསམ་འཆར་ལས་ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དམིགས་འབེན་ལས་འགན་ཞིབ་རྒྱས་སུ་བྱེད་པ། སྲིད་ཇུས་བྱེད་ཐབས་སྣ་ཚོགས་དང་ལས་འགན་གཙོ་བོ་དངོས་འབེབས་བྱས་ནས་ནུས་པ་ཐོན་པར་འགན་སྲུང་བྱེད་དགོས་ལ། དྲིལ་སྒྲོག་ཁྲིད་སྟོན་དམ་འཛིན་དང་ཤུགས་ཆེན་པོས་མཁོ་མེད་དངོས་པོའི་རེས་འཁོར་བེད་སྤྱོད་ཀྱི་དོན་སྙིང་གལ་ཆེན་དང་འབྲེལ་ཡོད་ཀྱི་སྲིད་ཇུས་བྱེད་ཐབས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ནས། སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་ཞིག་བསྐྲུན་དགོས་པར་མ་ཟད། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་སྤྱིའི་འཁོར་སྐྱོད་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྲོས་གཞིའི་བཀོད་སྒྲིག་ནང་ཧུར་ཐག་སྒོས་ཞུགས་ནས། ཕྱོགས་མང་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པའི་རེ་བ་བཏོན།

 
རྩོམ་སྒྲིག་པ། : ཀླུ་མོ་མཚོ།