ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་ལིས་དབྱེ་ཧྥུའུ་ལ་གློག་འཕྲིན་བཏང་སྟེ་ཁོ་བསྟུད་མར་ཨ་སའེ་པེད་ཅང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2024-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས8ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལིས་ཧཱ་མུའུ་ཨ་ལིས་དབྱེ་ཧྥུའུ་ལ་གློག་འཕྲིན་བཏང་སྟེ་ཁོ་བསྟུད་མར་ཨ་སའེ་པེད་ཅང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  ཉེ་བའི་ལོ་འགའི་རིང་ལ།   ཀྲུང་གོ་དང་ཨ་སའེ་པེད་ཅང་གི་འབྲེལ་བ་བདེ་ཐང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་ཏེ་ཕྱོགས་གཉིས་ཀྱིས་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་བཙུགས་པ་དང་།   མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་ལས་ལ་ཏན་ཏིག་སྒོས་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་མཐུན་སྦྱོར་ཟབ་མོ་སྲུང་འཛིན་བྱས།   ངས་ཀྲུང་གོ་དང་ཨ་སའེ་པེད་ཅང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།   ཙུང་ཐུང་ཨ་ལིས་དབྱེ་ཧྥུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྣེ་ཁྲིད་བྱེད་འདོད་ཡོད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།