ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ད་ལྟ་སྤྱོད་བཞིན་པའི་སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི2357ལ་སླེབས་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 1973ལོར་ཁོར་ཡུག་ཚད་གཞི་དང་པོ་ཁྱབ་བསྒྲགས་བྱས་པ་ནས་ད་ལྟའི་བར་དུ་རང་རྒྱལ་གྱིས་བསྡོམས་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི2882ཁྱབ་བསྒྲགས་བྱས་ཡོད། དེའི་ནང་ད་ལྟ་སྤྱོད་བཞིན་པའི་ཕན་ནུས་ལྡན་པའི་རྣམ་གྲངས2357དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་བའི་ཚད་གཞིའི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད།

འདི་ནི་གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཚེས30ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་ཡིན།

སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཁྲིམས་སྲོལ་དང་ཚད་གཞི་སིའི་སི་ཀྲང་ཀྲའོ་ཁེ་ཡིས་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཚད་གཞིའི་གྲངས་འབོར་ཆེས་ཆེར་འཕར་བའི་དུས་མཚུངས་སུ་ཚད་གཞིའི་མ་ལག་ཀྱང་ད་ལྟའི་རིམ་པ་གཉིས་ཀྱི་རིགས་དྲུག་ཏུ་རྒྱ་བསྐྱེད་ཡོད། རིམ་པ་གཉིས་ནི་རྒྱལ་ཁབ་རིམ་པ་དང་ས་གནས་རིམ་པ་ཡིན། རིགས་དྲུག་ནི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཚད་གཞི་དང་། ཉེན་ཁའི་དོ་དམ་ཚོད་འཛིན། སྦགས་བཙོག་དངོས་རིགས་གཏོང་འབུད་ཚད་གཞི་དང་། ལྟ་ཞིབ་ཚད་ལེན་ཚད་གཞི། རྨང་གཞིའི་ཚད་གཞི། དོ་དམ་ལག་རྩལ་གྱི་ཚད་གཞི་བཅས་ཡིན། ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་མ་ལག་གིས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་དང་དོ་དམ་ཁྱབ་ཁོངས་སོ་སོར་ཁྱབ་པ་དང་། མ་ལག་གི་གྲུབ་ཚུལ་ཅུང་ཆ་ཚང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་བར་འདེགས་སྐྱོར་བྱེད་པའི་ཚད་གཞིའི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད།

མིག་སྔར། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཚད་གཞིའི་ལག་རྩལ་ནང་དོན་དང་། ཐབས་ལམ་དང་རྒྱལ་སྤྱིའི་སྦྲེལ་ལམ་དང་། ཚད་གཞིའི་དམིགས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། དེའི་ནང་འཕྲུལ་སྒུལ་འཁོར་ལོའི་རླུང་ཁམས་ཆེན་པོའི་སྦགས་བཙོག་དངོས་རིགས་གཏོང་འབུད་ཚད་གཞི་སོགས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

ཀྲའོ་ཁོ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཐབ་ཇུས་ཀྱི་རྣམ་པ་བསྒྱུར་བར་སྣེ་ཁྲིད་བྱས་ཏེ། ལག་རྩལ་ཡར་ཐོན་དང་ཐོན་ལས་གྲུབ་ཚུལ་ལེགས་འགྱུར་རིམ་སྤར་བྱེད་པར་ལྡོག་སྐུལ་བྱས་ཏེ། གནད་ལ་འཁེལ་བ་དང་། ཚན་རིག། ཁྲིམས་ལྟར་བཅོས་སྐྱོང་། རྗེས་མར་སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི་དང་སྲིད་ཇུས་གལ་ཆེན། བཅའ་ཁྲིམས། ལམ་ལུགས་བཅས་ཆ་འགྲིག་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ཚད་གཞིའི་མ་ལག་ལེགས་འགྱུར་རིམ་སྤར་ཡོང་བར་སྐུལ་འདེད་དང་། ས་གནས་ཀྱི་ཚད་གཞིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་དགོས་པ་མ་ཟད། ཚད་གཞི་བརྟན་པོའི་ཚན་རིག་དང་མཐུན་པའི་རྨང་གཞི་འདིང་དགོས། མ་ལག་ཆ་ཚང་རང་བཞིན་དང་ཆ་ཚང་རང་བཞིན་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་རང་བཞིན་དང་མ་ལག་གི་རང་བཞིན། སྤྱོད་གོ་ཆོད་པའི་རང་བཞིན་བཅས་ཇེ་མཐོར་བཏང་ཡོད་ཟེར།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།