ཀྲུང་གོ་བོད་ཀྱི་དྲ་བ།

《རི་སྔོ་ཆུ་དྭངས་ཀྱིས་ཤར་ཕྱོགས་ལ་ལྟ་བ》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱོགས་ཡོངས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་པའི་དཔེ་དེབ《རི་སྔོ་ཆུ་དྭངས་ཀྱིས་ཤར་ཕྱོགས་ལ་ལྟ་བ》ཞེས་པ་ཉེ་ཆར་ཞིན་ཧྭ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཚན་རིག་དང་མཐུན་པའི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་དུ་བསྟར་སྟབས། ལྗང་མདོག་དེ་དུས་རབས་གསར་པའི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོན་མདོག་ཞིག་ཏུ་གྱུར་ཡོད།

ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་ཆེད།《རི་སྔོ་ཆུ་དྭངས་ཀྱིས་ཤར་ཕྱོགས་ལ་ལྟ་བ》ཞེས་པའི་ནང་ལོ3ལྷག་གི་རིང《རྒྱང་ལྟ་ཤར་ཕྱོགས་གཟའ་རེའི་དུས་དེབ》སྟེང་བཀོད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་གསར་འགྱུར་ཁག80ལེགས་འདེམས་བྱས་པ་རེད། གསར་འགྱུར་དེ་དག་ལས་པེ་ཅིན་དང་ཧྲང་ཧའེ། ཐེན་ཅིན། ཁྲུང་ཆིང་། ཀོང་ཀྲོའུ། ཧྲེན་ཀྲེན། ཞ་མོན། ཝུའུ་ཧན། ནན་ཉིང་། ཧང་ཀྲོའུ། དབྱིན་ཁྲོན། ཐེ་ཡོན། ལན་ཀྲོའུ། གཡོད་དབྱང་། ཀུའེ་ལིན་སོགས་གྲོང་ཁྱེར་གྱི“ལྗང་མདོག་འགྱུར་ལྡོག”གི་གསོན་ཉམས་དོད་པའི་གཏམ་རྒྱུད་མཐོང་ཐུབ་ལ་ལྗང་མདོག་གི་འཚོ་སྡོད་ཁོར་ཡུག་གིས་མི་དམངས་ལ་ཇི་ལྟར་ཐོབ་སྣང་དང་བདེ་སྣང་སྦྱིན་པའི་སྐོར་ནས་ཞིབ་བརྗོད་བྱས་ཡོད། 

《རི་སྔོ་ཆུ་དྭངས་ཀྱིས་ཤར་ཕྱོགས་ལ་ལྟ་བ》ཞེས་པ་དེས་མ་ལག་དང་གཟབ་ནན། དབང་གྲགས་བཅས་ཀྱི་ཐོག་ནས་ཁྱོན་ཡོངས་དང་ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ལམ་ནས། ས་གནས་ཁག་གིས་རི་ཆུ་ནགས་ཞིང་དང་། མཚོ་དང་མཚེའུ། བྱེ་ཐང་བཅས་གཞི་གཅིག་ཅན་ལ་ཅི་ལྟར་སྲུང་སྐྱོབ་དང་བཅོས་སྐྱོང་བྱས་ཏེ། དགུང་སྔོན་དང་དྭངས་གཙང་། ས་གཙང་བཅས་ལ་སྲུང་སྐྱོང་བྱེད་པའི་དམག་འཐབ་ཁྲོད་ཅི་ལྟར་རྒྱལ་ཁ་ལོན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ཅན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དང་རང་བྱུང་ཁམས་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཅི་ལྟར་གཏོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཅི་ལྟར་སྤྱི་འདོམས་བྱས་ཏེ་ཅུང་བཟང་བའི་སྐྱེ་ཁམས་ཁོར་ཡུག་གིས་མི་དམངས་ལ་བདེ་སྐྱིད་ཚོར་དུ་འཇུག་པ་སོགས་ཞིབ་བརྗོད་བྱས་ཡོད། 

《རི་སྔོ་ཆུ་དྭངས་ཀྱིས་ཤར་ཕྱོགས་ལ་ལྟ་བ》ཞེས་པ་ལས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་ཟུག་པར་བྱས་ལ་མཛེས་སྡུག་ལྡན་པའི་ཀྲུང་གོའི་རི་མོ་གསར་པ་ཞིག་ངང་གིས་མཚོན་པར་བྱས། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།