ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་པ་པོ་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ70ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྩོམ་པ་པོ་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ70ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟླ11པའི་ཚེས30ཉིན་ཀྲུང་གོའི་དེང་རབས་རྩོམ་རིག་ཁང་དུ་འཚོགས་ཤིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐིའེ་ཉིང་ཚོགས་འདུར་ཞུགས་པ་མ་ཟད། རྩོམ་པ་པོའི་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ70ལོན་པའི་དཔེ་མཛོད་རྩ་ཆེན་གྱི་ཡོལ་བ་འབྱེད།

རང་རྒྱལ་གྱི་རྩོམ་རིག་དཔེ་སྐྲུན་བྱ་གཞག་གི་འཐབ་ས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་། རྩོམ་པ་པོ་དཔེ་སྐྲུན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དངོས་ཡོད་བརྗོད་གཞིའི་དཔེ་སྐྲུན་འཆར་འགོད་ལ་ཤུགས་སྣོན་དང་། མཐོང་བ་ཀུན་སྨོན་དང་མི་ལ་སྐུལ་མ་གཏོང་བའི་དུས་རབས་ཀྱི་གསུང་རབ་སྐོར་མང་པོ་ཞིག་པར་སྐྲུན་བྱས་ཏེ། དུས་རབས་གསར་པའི་རྩོམ་རིག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

རྩོམ་པ་པོ་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ70ལོན་པའི་དཔེ་མཛོད་རྩ་ཆེན་ཞེས་པས་བཟོ་སྐྲུན་ཁང་བཙུགས་པའི་དུས་འགོར་ཐོག་མར་པར་སྐྲུན་བྱས་པའི་བརྩམས་ཆོས་ཁག30བདམས་ཏེ། ཀྲུང་གོའི་ཉམས་འགྱུར་དང་མི་དམངས་ཀྱི་ལངས་ཕྱོགས་བཅས་མངོན་པར་བྱས་ཏེ། ཀྲུང་གོ་གསར་བའི་རྩོམ་རིག་བྱ་གཞག་འཕེལ་རྒྱས་ཀྱི་གསོན་ཤུགས་མཚོན་ཡོད་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།