ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱི་སློབ་མ6ལ2023ལོའི“ཀྲུང་གོའི་གཞུང་ཚབ་ཆེན་མོའི་སྦྱངས་འབྲས་ལེགས་ཐོན་གྱི་གཟེངས་རྟགས་མ་དངུལ”གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས29ཉིན། ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བྱ་དགའ་སྤྲོད་པའི་མཛད་སྒོ་བསྡུས་ཏེ། ཅོར་ཏན་གྱི་ད་ལོ་མཐོ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་མ6ལ2023ལོའི“ཀྲུང་གོའི་གཞུང་ཚབ་ཆེན་མོའི་སྦྱངས་འབྲས་ལེགས་ཐོན་གྱི་གཟེངས་རྟགས་མ་དངུལ”གནང་། 

ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཁྲེན་ཁྲོན་ཏུང་གིས་བྱ་དགའ་སྤྲོད་པའི་མཛད་སྒོའི་སྟེང་། “ཀྲུང་གོའི་གཞུང་ཚབ་ཆེན་མོའི་སྦྱངས་འབྲས་ལེགས་ཐོན་གྱི་གཟེངས་རྟགས་མ་དངུལ”བཙུགས་པ་དེ་ཀྲུང་གོ་དང་ཅོར་ཏན་རྒྱལ་ཁབ་གཉིས་ཀྱིས་ན་གཞོན་དང་སློབ་གསོར་ཐུན་མོང་ཐོག་མཐོང་ཆེན་བྱས་པ་ལས་བྱུང་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་བར་མཛའ་མཐུན་དང་ཐུན་མོང་གི་འབྱུང་འགྱུར་ལ་མ་རྩ་འཇོག་ཆེད་རེད། བྱ་དགའ་ཐོབ་པའི་སློབ་གྲོགས་ཚོས་སྦྱངས་འབྲས་ཡར་ངོའི་ཟླ་ལྟར་འཕེལ་ཞིང་མེས་རྒྱལ་ལ་དྲིན་ལན་འཇལ་བ། འཛམ་གླིང་ལ་མིག་རྒྱང་བསྐྱེད་པ། ཀྲུང་གོར་ཤེས་རྟོགས་བྱེད་པ། འབྲེལ་ཟམ་དང་ལེན་བྱེད་པ། མཛའ་བརྩེ་ལ་སྐུལ་འདེད་བཅས་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་འབུལ་དགོས་ཞེས་བཤད། 

བྱ་དགའ་ཐོབ་པའི་སློབ་མའི་འཐུས་མི་ཨ་མཱ་ཉི·ཅ་མའེ་ལེ་ཡིས། རང་ཉིད་རྒྱ་ཡིག་སློབ་པར་དགའ་པོ་ཡོད་ལ་ནུས་ཤུགས་ཡོད་རྒུས་སློབ་སྦྱོང་ནན་ཏན་དང་རིག་གནས་གསར་པར་རྒྱུས་ལོན་བྱ་རྒྱུ་ཡིན་ཞེས་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།