ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཀྲུང་ཨུ་མཛའ་བརྩེ་དང་ཞི་བདེ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་པའི་ཚོགས་ཞུགས་འཐུས་མིར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས29ཉིན་པེ་ཅིན་དུ་ཀྲུང་ཨུ་མཛའ་བརྩེ་དང་། ཞི་བདེ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མིར་ཐུག་འཕྲད་གནང་།

ཟླ11པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་པེ་ཅིན་དུ་ཀྲུང་ཨུ་མཛའ་བརྩེ་དང་། ཞི་བདེ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མིར་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་བྱུང་བ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་མུ་མཐུད་དུ་གཏིང་ཟབ་དུ་ཕྱིན་ནས་དངོས་བརྩོན་མཉམ་ལས་ལ་བརྟན་རླིང་ངང་སྐུལ་འདེད་བཏང་སྟེ་དམངས་སེམས་རྨང་གཞི་ཉིན་བཞིན་སྲ་བརྟན་དུ་ཕྱིན་ཡོད། ད་ལོར། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐེངས་གཉིས་ལ་ཐུག་འཕྲད་གནང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཀྲུང་ཨུའི་དམངས་ཁྲོད་མཛའ་བརྩེའི་ལས་དོན་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཏེ། སང་ལོར་ཀྲུང་ཨུའི་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་དང་རིག་གནས་ལོ་གོ་སྐབས་སུ་བཟུང་སྟེ། དམངས་ཁྲོད་ཀྱི་ཕྱི་འབྲེལ་གཅིག་སྡུད་ནུས་པ་དང་ཚུར་འགུག་ནུས་པ། སྐུལ་འདེད་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྔར་ལས་ཆེ་བའི་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད།

ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ཅི་ཐའོ་ཧྥུའུ་ཡིས་བསྟན་དོན། ཨུ་ཀྲུང་འབྲེལ་བ་ནི་ལོ་རྒྱུས་ཀྱི་ཆེས་མཐོ་གནས་སུ་གནས་པ་དང་། མི་ཆོས་བརྗེ་རེས་དང་དངོས་བརྩོན་མཉམ་ལས་ཐད་འབུར་ཐོན་གྱི་གྲུབ་འབྲས་བླངས་ཡོད། ཨུ་ཡོན་ལྷན་ཁང་གིས་སང་ལོའི་གལ་ཆེའི་དུས་ཚོད་མཚམས་ཚིགས་ལ་དམ་འཛིན་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་འགྲོ་འོང་ལ་སྐུལ་འདེད་བཏང་ནས་ཨུ་ཀྲུང་འབྲེལ་བ་མུ་མཐུད་དུ་སྐས་རིམ་གསར་པར་སླེབས་པར་རོགས་འདེགས་བྱ་རྒྱུ་ཡིན། ། 

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།