ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས19ཉིན་གྱི་དགོང་མོར། 2023ལོའི་ཀྲུང་གོ་རྩོམ་རིག་གི་དགྱེས་སྟོན་ཏེ་མའོ་ཏུན་རྩོམ་རིག་བྱ་དགའི་མཚན་མོ་ཞེས་པ་ཀྲེ་ཅང་ཝུའུ་ཀྲིན་དྲ་སྦྲེལ་དྲ་བའི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་འཚོགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་བྱ་འགུལ་ལ་ཞུགས། བྱ་འགུལ་དེ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་རེད།
དུས་རབས་གསར་པའི་རྩོམ་པ་པོའི་བསམ་པའི་ཉམས་འགྱུར་མངོན་པ་དང་རྩེར་སྙེག་ཕོད་པའི་ཕུགས་འདུན་དང་འབད་པ་མངོན་པར་བྱེད་པ། དུས་རབས་གསར་པའི་རྩོམ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་མངོན་པར་བྱ་ཆེད། 2022ལོ་ནས་བཟུང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཤུགས་ཆེན་པོས་མའོ་ཏུན་རྩོམ་རིག་བྱ་དགའ་དང་ལུའུ་ཞུན་རྩོམ་རིག་བྱ་དགའ། རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་སྐྲུན་གྱི་རྟ་མཆོག་བྱ་དགའ། རྒྱལ་ཡོངས་ཕུལ་བྱུང་བྱིས་པའི་རྩོམ་རིག་བྱ་དགའ་བཅས་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་སྣ་བཞི་ལྟེ་བར་བཟུང་པའི་ཀྲུང་གོའི་རྩོམ་རིག་དགྱེས་སྟོན་གསར་འཛུགས་བྱས་ཏེ། གཟབ་རྒྱས་བཀོད་མཛེས་དང་རྣམ་པ་ཕུན་སུམ་ཚོགས་པ། རྒྱུད་སྒྲོག་ནུས་པ་ཆེ་བའི་རྩོམ་རིག་བརྗོད་དོན་གྱི་དགྱེས་སྟོན་ཆེན་མོར་བརྟེན་ནས། རྩོམ་རིག་ལ་གུས་འདུད་དང་རྩོམ་པ་པོར་གུས་འདུད། དུས་རབས་དང་ཀློག་མཁན་ལ་གུས་འདུད་ཞུས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རྩོམ་རིག་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་ཐད་རྩོམ་རིག་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། །