ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་སྔོན་མ་གསུམ་རིང་ཞིང་སྡེའི་གཞུང་ལམ་སྤྱི་ལེ་ཁྲི11.8གསར་དུ་བསྐྱར་སྐྲུན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་རིང་། རང་རྒྱལ་གྱིས་ཞིང་སྡེའི་གཞུང་ལམ་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར3587་བཏང་བ་དེ་དུས་མཉམ་ལས5.1%་འཕར་བ་དང་། ཞིང་སྡེའི་གཞུང་ལམ་སྤྱི་ལེ་ཁྲི11.8གསར་དུ་བསྐྱར་སྐྲུན་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་བཅུ་ཆའི་དགུ་ཡན་ལེགས་འགྲུབ་བྱས་ཡོད། ཞིང་སྡེའི་གཞུང་ལམ་གྱི་བདེ་འཇགས་ཚེ་སྲོག་འགོག་སྲུང་ལས་གཞི་སྤྱི་ལེ་ཁྲི7.8ལག་བསྟར་བྱས་པ་དང་། ཞིང་སྡེའི་གཞུང་ལམ་གྱི་ཉེན་ཡོད་ཟམ་པ5409སྒྱུར་བཀོད་བྱས་ནས། རྒྱལ་ཡོངས་ཞིང་སྡེའི་གཞུང་ལམ་གྱི་ལམ་མདོ7679ལ་མྱུར་ཚད་འགོག་ཆས་ཁྲི1.5བསྣན་ཡོད། 

ད་ལོའི་ཚུན། ས་ཁུལ་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་གཙོ་གནད་བཀོད་སྒྲིག་དང་སྐུལ་འདེད་ཧུར་ཐག་བཏང་བས་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལ་གྲུབ་འབྲས་ལེགས་པོ་ཐོབ་པ་དང་། སྟབས་བདེ་ལ་ལས་ཕྱོད་ཆེ་བ་དང་ཀུན་ཕན་དྲང་གཞག་གི་ཞིང་སྡེའི་གཞུང་ལམ་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཡོད།

ལྕགས་ལམ་དྲ་བ་རྒྱུན་མཐུད་ངང་རྒྱ་བསྐྱེད་པ། ན་ནིང་ལོ་མཇུག་བར། རྒྱལ་ཡོངས་ཞིང་སྡེ་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི453ཟིན་པ་དང་། རྒྱལ་ཡོངས་ཞིང་སྡེའི་གཞུང་ལམ་གྱི་གསོ་སྐྱོང་བྱེད་ཚད100%ཟིན་ཞིང་ཕུལ་བྱུང་འབྲིང་རིམ་གཞུང་ལམ་གྱི་གསོ་སྐྱོང་བྱེད་ཚད89.3%ཟིན་ཡོད། ཞིང་སྡེའི་གཞུང་ལམ་དོ་དམ་ལས་འགན་ཡོད་པའི་རྫོང་རིམ་པའི་སྲིད་འཛིན་སྡེ་ཚན་གྱིས"ལམ་དཔོན་ལམ་ལུགས"ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ལ། "ལམ་དཔོན"གྱི་མི་གྲངས་བསྡོམས་འབོར་ཁྲི67ཡོད།

ཞབས་ཞུ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིནཔ། ན་ནིང་ལོ་མཇུག་བར། རིམ་རྩིས་བྱས་ན་འགྲུལ་ཟོག་སྦྲག་གསུམ་གྱི་ཞབས་ཞུའི་ས་ཚིགས་ཁྲི5ལྷག་བསྐྲུན་པ་དང་། འགྲུལ་ཟོག་སྦྲག་གསུམ་གྱི་མཉམ་འདྲེས་ལམ་ཐིག8000་ལྷག་ཤར་གཏོང་བྱས་ཤིང་། འགྲུལ་སྐྱེལ་རླངས་འཁོར་གྱིས་དངོས་ཟོག་སྦྲག་བསྐུར་མྱུར་སྐྱེལ་བྱས་པ་དུང་ཕྱུར2ལས་བརྒལ་ཡོད། “བཟང་པོ་བཞི་ལྡན་གྱི་ཞིང་སྡེའི་གཞུང་ལམ"རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང353དང་། གྲོང་ཁྱེར་དང་ཞིང་སྡེའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔེ་སྟོན་རྫོང49ཡོད་པ་དང་། "ཆེས་མཛེས་པའི་ཞིང་སྡེའི་གཞུང་ལམ"40ཡོད།

"བཟང་པོ་བཞི་ལྡན་གྱི་ཞིང་སྡེའི་གཞུང་ལམ"གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་མགྱོགས་མྱུར་ངང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན། རྗེས་མར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་མི་འབོར་གཞི་ཁྱོན་ཅུང་ཆེ་བའི་རང་བྱུང་སྡེ་བར(ཚན་ཆུང)ཨར་འདམ་གཞུང་ལམ་ཤར་གཏོང་དང་སྲིད་འཛིན་སྡེ་བར་རིམ་ལྡན་གཞུང་ལམ་ཤར་གཏོང་། ཤང་གྲོང་དུ་རིམ་པ་གསུམ་དང་དེ་ཡན་གྱི་གཞུང་ལམ་འཛུགས་སྐྲུན་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། ཤུགས་ཆེན་པོས་གཞུང་ལམ་རྙིང་པ་སྒྱུར་བཀོད་དང་དེ་བཞིན་གུ་དོག་པའི་ཞིང་སྡེའི་གཞུང་ལམ་རྒྱ་ཆེར་གཏོང་བའི་སྒྱུར་བཀོད་དམ་ཡང་ན་འཁོར་གཟུར་ལམ་འཛུགས་སྐྲུན་ལག་བསྟར་བྱེད་རྒྱུ་རེད། དེ་དང་ཆབས་ཅིག་ཞིང་སྡེའི་འགྲུལ་ཟོག་སྦྲག་གསུམ་སྐྱེལ་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། ནུས་པ་གཅིག་བསྡུས་དང་སྟབས་བདེ་ནུས་ཆེའི་ཞིང་སྡེའི་འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་འཛུགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།