ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་མཉམ་འབྲེལ་ཚོགས་པ་ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས19ཉིན་ཁྱབ་བསྒྲགས་བྱས་དོན། ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་མཉམ་འབྲེལ་ཚོགས་པ་ཟླ11པའི་ཚེས20ཉིན་ནས་ཚེས21ཉིན་བར་ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད། འཐུས་ཚབ་ཚོགས་པའི་ཁོངས་མི་ལ་སོ་ཏི་ཨ་རབ་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་དང་ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏེ། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཧྲུའུ་ཁུ་ལེ། ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལའེ་ཐེ་མིན། ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མཱ་ལི་ཅི་དང་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཐ་ཧ་བཅས་འདུས། འཚམས་འདྲིའི་སྐབས་སུ། ཀྲུང་གོའི་ཕྱོགས་ཀྱིས་ཨ་རབ་དང་དབྱི་སི་ལན་རྒྱབ་ཁབ་ཕྱི་འབྲེལ་པུའུ་ཀྲང་གི་མཉམ་འབྲེལ་འཐུས་ཚབ་ཚོགས་པ་དང་མཉམ་དུ་མིག་སྔའི་ཕ་དབྱི་གདོང་གཏུག་ཞི་ལྷོད་དུ་གཏོང་བ་དང་མང་ཚོགས་ལ་སྲུང་སྐྱོང་བྱེད་པ། ཕ་ལེ་སི་ཐན་གྱི་གནད་དོན་དྲང་བདེན་སྒོས་ཐག་གཅོད་བྱེད་པར་མཐུན་སྦྱོར་ཟབ་མོ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།