ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་བཞི་བ་དང་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཀྲེ་ཅང་དུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས18ཉིན་ནས་ཚེས19ཉིན་བར། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐབས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་བཞི་བ་དང་སྐབས་བཅུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཀྲེ་ཅང་ཐུང་ཞང་དུ་བསྡུས་ཤིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་གནང་།

ཐེ་ཉིང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་ནི་བསམ་བློའི་རིག་གནས་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་ཚོགས་འདུའི་དགོངས་དོན་ནན་ཏན་གྱི་དོན་འཁྱོལ་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་བའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་དོན་དང་རྩོམ་རིག་བྱ་གཞག་གི་རྣམ་པ་གསར་བ་བཏོད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་རྩོམ་རིག་གི་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས་པར་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།