ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་ཧེ་ལུང་ཅང་དང་ཅི་ལིན་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ11པའི་ཚེས14ཉིན་ནས་ཚེས16ཉིན་བར་ཧེ་ལུང་ཅང་དང་ཅི་ལིན་ཞིང་ཆེན་དུ་རྟོག་ཞིབ་གནང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ཏེ། བཅོས་བསྒྱུར་གསར་སྐྲུན་རྒྱུན་འཁྱོངས་ཀྱིས་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད་པ་དང་། དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐོལ་བརྒལ་གསར་བ་ལེན་དགོས།

ཟླ11པའི་ཚེས14ཉིན་ནས་ཚེས16ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧེ་ལུང་ཅང་དང་ཅི་ལིན་ཞིང་ཆེན་དུ་རྟོག་ཞིབ་གནང་། འདི་ནི་ཟླ11པའི་ཚེས14ཉིན། ལི་ཆང་གིས་ཧྭ་ཨར་པིན་ཁུལ་གསར་ཅང་པའེ་གཅིག་གྱུར་འཕེལ་རྒྱས་ཁུལ་དུ་རྟོག་ཞིབ་གནང་བའི་ཚུལ་རེད།

ཧེ་ལུང་ཅང་དུ། ལི་ཆང་ཐོག་མར་ཏ་ཐང་ཧྭ་ཨར་པིན་གྱི་ཚྭ་ནུས་གློག་ཁང་དུ་ཕེབས་ནས། ཐོན་སྐྱེད་འཁོར་སྐྱོད་གནས་ཚུལ་རྒྱུས་ལོན་གནང་ནས་ཤུགས་ཆེན་པོས་ས་གནས་ཀྱི་དྲོད་འདོན་གཙིགས་སུ་བཟུང་སྟེ། མང་ཚོགས་ཀྱིས་དྲོད་འཁོལ་ངང་དགུན་བསྐྱལ་བར་ཁག་ཐེག་བྱེད་དགོས་པའི་དུས་མཚུངས་སུ། ཧུར་ཐག་གིས་ནུས་གྲོན་ལ་སྐུལ་འདེད་བཏང་ནས་མུ་མཐུད་དུ་དྲོད་འདོན་ཕན་ནུས་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན། ལི་ཆང་ཧྭ་ཨར་པིན་བཟོ་ལས་སློབ་ཆེན་དུ་ཕེབས་ནས་སློབ་གྲྭའི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་ལ་མཉན་པ་དང་། ཚང་མས་ཕུལ་བྱུང་སྲོལ་རྒྱུན་རྒྱུད་འཛིན་བྱས་ཏེ་སློབ་གསོ་མི་སྐྱོང་དང་ཚན་ཞིབ་འགག་སྒྲོལ་སོགས་ཀྱི་ཐད་ནས་འབད་འབུངས་ཡར་བརྩོན་བྱེད་དགོས་པའི་སྐུལ་མ་གནང་། ལི་ཆང་གིས་ཧུའེ་ཏ་ཚན་རྩལ་ཀུང་ཟིར་རྟོག་ཞིབ་གནང་ནས་ཞིང་ལས་མི་ཐབས་སྒྲིག་ཆས་གསར་སྤེལ་ཁྱབ་གདལ་གནས་ཚུལ་ལ་ཞིབ་ཕྲས་རྒྱུས་ལོན་གནང་བ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མཐུན་སྦྱོར་འགག་སྒྲོལ་ལ་ཤུགས་སྣོན་པ་དང་། ཞིང་ལས་འཕྲུལ་ཆས་ཅན་དང་མི་ཐབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། ཧྭ་ཨར་པིན་ཁུལ་གསར་ཅང་པའེ་གཅིག་བསྡུས་འཕེལ་རྒྱས་ཁུལ་དུ། ལི་ཆང་གིས་ཧྲིན་ཀྲིན(ཧྭ་ཨར་པིན)ཐོན་ལས་གླིང་ཁུལ་འཛུགས་སྐྲུན་གྱི་གནས་ཚུལ་ལ་མཉན་པ་དང་། སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཤུགས་ཆེན་པོས་འཕེལ་རྒྱས་ལམ་སྲོལ་ལེགས་པོར་སྒྲུབ་པ་དང་། དཔལ་འབྱོར་འཕར་གནས་གསར་པ་གསོ་སྐྱོང་བྱེད་དགོས་པར་བསྟན། ཧྭ་ཨར་པིན་གནམ་གྲུ་བཟོ་ལས་ཚོགས་པ་རུ། ལི་ཆང་གིས་ཐོན་སྐྱེད་བཟོ་ཁང་དང་དཔེ་དབྱིབས་འགྲེམ་ཁུལ་དུ་རྟོག་ཞིབ་གནང་ཞིང་། ཁེ་ལས་ཀྱིས་ཤུགས་ཆེན་པོས་གནད་འགག་ལྟེ་བའི་ལག་རྩལ་ཐོལ་བརྒལ་བྱས་ཏེ། འཛམ་གླིང་གི་རྩེ་རིམ་ཐད་འཕུར་གནམ་གྲུ་ཁེ་ལས་གསར་འཛུགས་བྱེད་རྒྱུའི་རེ་བ་བཏོན།

ཟླ11པའི་ཚེས14ཉིན་ནས་ཚེས16ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧེ་ལུང་ཅང་དང་ཅི་ལིན་ཞིང་ཆེན་དུ་རྟོག་ཞིབ་གནང་། འདི་ནི་ཟླ11པའི་ཚེས15ཉིན། ལི་ཆང་གིས་ཀྲུང་གོ་ཚན་རིག་གླིང་ཁྲང་ཁྲུན་འོད་འཕྲུལ་སའོ་རུ་ཞིབ་འཇུག་ཁང་དང་གྲུབ་འབྲས་གསར་བའི་འགྲེམ་སྟོན་ལ་ལྟ་སྐོར་གནང་བའི་ཚུལ་རེད།

ཅི་ལིན་དུ། ལི་ཆང་སྔ་རྗེས་སུ་ཁྲང་ཁྲུན་ཅིན་སའེ་སྨན་རྫས་ཀུང་ཟི་དང་ཁྲང་ཀོང་འཁོར་སྐར་ཀུང་ཟིར་ཕེབས་ནས། ཞིབ་ཕྲའི་ངང་ཁེ་ལས་གསར་སྐྲུན་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་གནང་ནས། ཁོ་ཚོར་མུ་མཐུད་དུ་ཞིབ་འཇུག་དངུལ་གཏོང་ལ་ཤུགས་བསྣན་ཏེ། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་དམངས་བདེ་སྐྱིད་བསྐྲུན་པ་དང་ཚོང་རའི་དགོས་མཁོ་སྐོང་བའི་ཁྲོད་འཕེལ་རྒྱས་སུ་གཏོང་དགོས་པའི་སྐུལ་མ་གནང་། ལི་ཆང་གིས་ཀྲུང་གོ་ཚན་རིག་གླིང་ཁྲང་ཁྲུན་འོད་འཕྲུལ་སའོ་རུ་རྟོག་ཞིབ་གནང་བ་དང་། ཞིབ་འཇུག་ཁང་དང་གྲུབ་འབྲས་གསར་བའི་འགྲེམ་སྟོན་ལ་ལྟ་སྐོར་གནང་ནས། འོད་གློག་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་སྒྱུར་ཇེ་མགྱོགས་སུ་བཏང་ནས། སྔར་ལས་ལྷག་པར་རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན། ལི་ཆང་ཀྲུང་གོ་རླངས་འཁོར་བཟོ་གྲྭ་དང་པོར་ཕེབས་ནས། ཧུང་ཆི་རླངས་འཁོར་ཐོན་སྐྱེད་བཟོ་ཁང་དུ་རྟོག་ཞིབ་གནང་ནས། ནུས་ཁུངས་གསར་བའི་རླངས་འཁོར་ལས་གཞིའི་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུ་ལ་མཉན་ཏེ། ཁེ་ལས་ཀྱིས་ཐོན་ལས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་གཏན་སྲུང་བྱས་ཏེ། རང་བདག་གསར་སྤེལ་དང་མཉམ་འབྲེལ་འགག་སྒྲོལ་གྱི་རྐང་བ་གཉིས་ལ་བརྟེན་ནས་བསྐྱོད་པ་རྒྱུན་འཁྱོངས་བྱས་ནས། རླངས་འཁོར་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆེད་དུ་བྱས་རྗེས་གསར་བ་འཇོག་དགོས་པའི་སྐུལ་མ་གནང་། 

རྟོག་ཞིབ་ཁྲོད། ལི་ཆང་གིས་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཀྲུང་དབྱང་ཁེ་ལས་དང་ས་གནས་རྒྱལ་དབང་ཁེ་ལས་འགན་ཁུར་མི་སྣའི་གཏམ་བཤད་ལ་མཉན། ལི་ཆང་གིས་བསྟན་དོན། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། རྒྱལ་དབང་ཁེ་ལས་བཅོས་བསྒྱུར་ལ་བླང་བྱ་གསར་བ་བཏོན་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་བའི་རྒྱལ་དབང་ཁེ་ལས་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ་ཚན་རྩལ་གསར་སྐྲུན་དང་ཐོན་ལས་ཚོད་འཛིན། བདེ་འཇགས་རྒྱབ་སྐྱོབ་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། བཅོས་བསྒྱུར་གསར་སྐྲུན་ཁྲོད་རྒྱལ་དབང་ཁེ་ལས་སྟོབས་ཆེར་གཏོང་དགོས། དུས་མཚུངས་སུ་ཁྱབ་ཚུལ་སྒྲིག་གཞི་ལེགས་བཅོས་བྱས་ཏེ། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་ལ་སྐུལ་ཁྲིད་དང་སྐུལ་སྤེལ་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས།

ལི་ཆང་གིས་ཧེ་ལུང་ཅང་དང་ཅི་ལིན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཞིང་ཆེན་གཉིས་ཀྱིས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་གང་ལེགས་བྱས་ནས། སྔར་ལས་ལྷག་པར་རང་སྟེང་གི་ལེགས་ཆ་འདོན་སྤེལ་དང་། ཕན་ནུས་ལྡན་པའི་སྒོ་ནས་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱས་ཏེ། དུས་རབས་གསར་པའི་བྱང་ཤར་གྱི་ཕྱོགས་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

ཝུའུ་ཀྲིན་ལུང་རྟོག་ཞིབ་ལ་ཕེབས་རོགས་གནང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།