ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཧྲུའུ་ལེ་ཡིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་གསར་འགྱུར་ཁང་གི་གླེང་སྟེགས་ཕྱི་ཕྱོགས་ཀྱི་འཐུས་མིར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་པེ་ཅིན་ནས་ཀྲུང་གོ-ཨེ་ཤེ་ཡ་དབུས་མའི་གསར་འགྱུར་ཁང་གི་གླེང་སྟེགས་ཕྱི་ཕྱོགས་ཀྱི་འཐུས་མིར་ཐུག་འཕྲད་གནང་། 

ལི་ཧྲུའུ་ལེ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་མགོ་ཁྲིད་དང་མཉམ་དུ་ཀྲུང་གོ-ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་ཞུགས་ནས། མཉམ་ལས་ཀྱི་འཆར་གཞི་གསར་པ་བཟོས་པ་དང་། ཀྲུང་གོ-ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ-ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་འཐབ་ཇུས་ཀྱི་སྣེ་ཁྲིད་མཁོ་འདོན་དང་མདུན་སྐྱོད་ཀྱི་ལམ་བུ་འཆར་འགོད་བྱས། ཕྱོགས་གཉིས་པོའི་སྨྱན་སྦྱོར་གྱིས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། དར་གོས་ཚོང་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ།    དར་གོས་ཚོང་ལམ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་བཅས་བྱས་ནས།  དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བ་དང་ས་ཁུལ་ཞི་བདེ་འཕེལ་རྒྱས་ལ་ཐུན་མོང་གིས་སྐུལ་འདེད་གཏོང་དགོས་ཞེས་བསྟན།    

ཕྱི་ཕྱོགས་ཀྱི་འཐུས་མིས་བཤས་རྒྱུར།  ཀྲུང་གོ་ཕྱོགས་ཀྱི་སྨྱན་སྦྱོར་དང་ལམ་སྲོལ་ཅན་གྱི་སྤེལ་རེས་ལ་ཤུགས་སྣོན་པ་དང་སྨྱན་སྦྱོར་དང་རིག་གནས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དམངས་སེམས་གཅིག་མཐུན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛའ་མཐུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། །    

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།