ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གླེང་མོལ་ཚོགས་འདུའི་སྟེང་ཞུགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས13ཉིན་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་མགྲིན་ཚབ་པ་ཧུའུ་ཀྲའོ་མིང་གིས། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་བར་གྱི་མཐོ་རིམ་གླེང་མོལ་ཚོགས་འདུ་པེ་ཅིང་གི་དུས་ཚོད་ཟླ3པའི་ཚེས15ཉིན་བརྙན་ལམ་བརྒྱུད་ནས་འཚོགས་རྒྱུ་དང་། སྐབས་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གླེང་མོལ་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་རྒྱུ་མ་ཟད་གཙོ་དོན་གསུང་བཤད་གནང་རྒྱུའི་ཁྱབ་བསྒྲགས་བྱས། ཐེངས་འདིའི་གླེང་མོལ་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“དེང་རབས་ཅན་གྱི་བགྲོད་ལམ་སྟེ། སྲིད་ཏང་གི་འགན་འཁྲི”ཞེས་པ་དེ་ཡིན་ཞིང་རྒྱལ་ཁབ་མང་པོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་མགོ་ཁྲིད་མི་སྣ་རྣམས་གདན་ཞུ་ལྟར་ཚོགས་འདུར་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།