ཀྲུང་གོ་བོད་ཀྱི་དྲ་བ།

2022ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་དྲན་རྟེན་དངུལ་སྒོར་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས15ཉིན་གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་གསལ་ལྟར་ན། མི་དམངས་དངུལ་ཁང་གིས2021ལོའི་ཟླ12ཚེས21ཉིན་ནས་བཟུང་། 2022ལོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་དྲན་རྟེན་དངུལ་སྒོར་ཆ་ཚང་གཅིག་རིམ་བཞིན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།  དྲན་རྟེན་དངུལ་སྒོར་དེར་ཁྱོན་གསུམ་ཡོད་པ་ལས་གསེར་གྱི་དྲན་རྟེན་དངུལ་སྒོར1དང་། དངུལ་གྱི་དྲན་རྟེན་དངུལ་སྒོར1། ཁ་དོག་གཉིས་ལྡན་གྱི་ཟངས་ལྕགས་མཉམ་བསྲེས་ཀྱི་དྲན་རྟེན་དངུལ་སྒོར1བཅས་ཡོད།  དེ་དག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སུ་གཏན་ཁེལ་བྱས་པའི་དངུལ་སྒོར་རེད། 

དེའི་ཁྲོད། ཁ་དོག་གཉིས་ལྡན་གྱི་ཟངས་ལྕགས་མཉམ་བསྲེས་ཀྱི་དྲན་རྟེན་དངུལ་གྱི་དངོས་གྲངས་སྒོར་ནི10ཡིན་པ་དང་དུང་ཕྱུར1.2འགྲེམས་སྤེལ་བྱས་ཏེ། སྔོན་མངག་དང་དངུལ་བརྗེས་ཀྱི་རྣམ་པའི་སྒོ་ནས་འགྲེམས་སྤེལ་བྱ་རྒྱུ་རེད། ཁ་དོག་གཉིས་ལྡན་གྱི་ཟངས་ལྕགས་མཉམ་བསྲེས་ཀྱི་དྲན་རྟེན་དངུལ་སྒོར་དེ་མི་གཅིག་གིས་སྔོན་མངག་དང་དངུལ་བརྗེས་ཀྱི་བཅད་གྲངས་ནི20ཡིན།  ཀྲུང་གོ་བཟོ་ཚོང་དངུལ་ཁང་སོགས་དངུལ་ཁང་མང་པོ་ཞིག་གིས་སྔོན་མངག་དང་དངུལ་བརྗེས་ཀྱི་ལས་ཀའི་འགན་འཁུར་རྒྱུ་དང་།  2022ལོའི་ཟླ1པའི་ཚེས7ནས་ཟླ1ཚེས9ཉིན་བར་སྔོན་མངག་གི་ལས་སྒོ་སྒྲུབ་རྒྱུ་རེད།

1.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།