ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཧོ་ནན་ལན་ཁའོ་ནས་བསྡུས་པའི་རྒྱལ་ཡོངས་ཀྱི་བཞི་ལེགས་ཞིང་སྡེ་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡུལ་དངོས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་ནང་། རང་རྒྱལ་གྱི་བསྡོམས་པས་ཞིང་སྡེའི་གཞུང་ལམ་ཐད་ཀྱི་དངུལ་གཏོང་སྒོར་དུང་ཕྱུར2854ལེགས་འགྲུབ་བྱས་ཏེ། ཞིང་སྡེའི་གཞུང་ལམ་སྤྱི་ལེ་ཁྲི10.5གསར་དུ་བསྒྱུར་བཀོད་དང་འཛུགས་སྐྲུན་བྱས་ཤིང་། ཞིང་སྡེའི་གཞུང་ལམ་བདེ་འཇགས་འགོག་སྲུང་ལས་གཞི་སྤྱི་ལེ་ཁྲི5.14ལེགས་འགྲུབ་བྱས་པ་རེད། །