ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་གོ་བརྒྱད་པ་དང་ཨང་གོ་དགུ་པ། ཨང་བརྒྱ་པ་བཅས་ཀྱི་སྟེང་དུ་མཚན་རྟགས་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།     སྤེལ་དུས། : 2021-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་སོར་ཀྲུའུ་ཞིའི་བཀའ་རྒྱ་ཨང་གྲངས་གོ་བརྒྱད་པ་དང་ཨང་གོ་དགུ་པ། ཨང་བརྒྱ་པ་བཅས་ཀྱི་སྟེང་མཚན་རྟགས་བཀོད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་གོ་བརྒྱད་པའི་ནང་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་སྐོར་གྱི་བཅའ་ཁྲིམས་ཞེས་པ་འདི་ལ། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་སྟེང་དངོས་སུ་གྲོས་འཆམ་བྱུང་བར་བརྟེན། ད་ལྟ་སྤྱི་བསྒྲགས་བྱས་ཏེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན།

ཀྲུའུ་ཞིའི་བཀའ་རྒྱ་ཨང་གོ་དགུ་པའི་ནང་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་རྒྱལ་མཚམས་སྐོར་གྱི་བཅའ་ཁྲིམས་ཞེས་པ་འདི་ལའང་།  ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་སྟེང་དངོས་སུ་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་བསྒྲགས་བྱས་ཏེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན།

ཀྲུའུ་ཞིའི་བཀའ་རྒྱ་ཨང་བརྒྱ་པའི་ནང་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་བཤེར་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ཞེས་པ་འདི་ལའང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པའི་སྟེང་དངོས་སུ་གྲོས་འཆམ་བྱུང་བས། ད་ལྟ་སྤྱི་བསྒྲགས་བྱས་ཏེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།