ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་ལྔ་ཉིན། ཧྲན་ཞི་རུ་བཅའ་སྡོད་དམག་དཔུང་གི་རྟེན་གཞི་ཞིག་ལ་གཟིགས་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་དངོས་འབེབས་མཐར་ཕྱིན་བྱེད་དགོས་པ་དང་། དམག་འཁྲུག་གྲ་སྒྲིག་ལ་དམིགས་གཏོད་པ། གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཁྱོན་ཡོངས་ནས་ལས་འགན་སྒྲུབ་ནུས་ཇེ་མཐོར་གཏོང་དགོས། རྒྱ་ཆེ་བའི་དཔོན་དམག་རྣམས་ཀྱིས་བསྟན་དོན། དུས་རྟག་པར་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ནས། དམག་སྦྱོང་དང་དམག་འཁྲུག་གྲ་སྒྲིག་ལ་ཤུགས་སྣོན་པ་དང་ཁག་ཁུར་གྱི་ནུས་པ་ཇེ་དྲག་ཏུ་གཏོང་བར་འབད་དེ། འཛམ་གླིང་གི་སྔོན་ཐོན་དམག་དཔུང་བསྐྲུན་པ་དང་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པར་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།།