ཀྲུང་གོ་བོད་ཀྱི་དྲ་བ།

ཧོང་ཁུན་མིང་གིས་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་བརྒྱད་པར་གཟིགས་ཞིབ་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧོང་ཁུན་མིང་གིས་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་བརྒྱད་པར་གཟིགས་ཞིབ་གནང་སྐབས་ཡིད་རྟོན་རུང་ལ་གཅེས་པར་འོས་ཤིང་བཀུར་ཡང་ཆོག་པའི་ཀྲུང་གོའི་སྣང་བརྙན་བསྐྲུན་ཆེད་དཔེ་སྐྲུན་སྟོབས་ཤུགས་ཀྱི་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་གིས་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་སྟོན་ཚོགས་སྐབས་ཉེར་བརྒྱད་པར་གཟིགས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོར་གཞི་ཚུགས་ཤིང་འཛམ་གླིང་ལ་ཁ་ཕྱོགས་ཏེ། རིག་གནས་སྤུས་ཚད་ཀུན་འཛོམས་ཀྱི་དཔེ་དེབ་ཀྱི་སྤུས་རྟགས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོར་བརྗོད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ཀྲུང་གོའི་སྙིང་སྟོབས་མཚོན་པ། ཀྲུང་གོའི་བློ་རིག་འདུས་པའི་པར་སྐྲུན་ཐོན་རྫས་ཕུལ་བྱུང་བཏོན་ནས། ཡིད་རྟོན་རུང་ལ་གཅེས་པར་འོས་ཤིང་བཀུར་ཡང་ཆོག་པའི་ཀྲུང་གོའི་སྣང་བརྙན་བསྐྲུན་ཆེད་དཔེ་སྐྲུན་སྟོབས་ཤུགས་ཀྱི་བྱས་རྗེས་འཇོག་དགོས། 

ཧོང་ཁུན་མིང་གིས་རྒྱལ་ནང་གི་དཔེ་སྐྲུན་ལས་ཁུངས་ཀྱི་འགྲེམས་ཁུལ་དང་། ཕ་ཁི་སི་ཐན་གྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་འགྲེམས་ཁུལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་རྩེར་སོན་དཔེ་སྐྲུན་ཐོན་རྫས་ཀྱི་འགྲེམས་སྟོན། པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་སྐབས་བཅུ་དགུ་པ་བཅས་ལ་གཟིགས་ཞིབ་གནང་བ་དང་། དཔེ་སྐྲུན་ལས་ཁུངས་ཀྱི་འགན་འཁུར་བ་དང་མཉམ་དུ་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དང་ཡིག་སྒྱུར་ངོ་སྤྲོད་ཁྱབ་གདལ་སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་བྱས། 

སྐབས་འདིའི་དཔེ་དེབ་འགྲེམས་སྟོན་གྱིས“དཔལ་ཡོན་འབྲེལ་འདྲིས་དང་དཔྱད་བསྡུར་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་འགྲེམས་སྟོན་བྱས་པ་རེད། ཟླ9པའི་ཚེས13ཉིན་བར། རྒྱལ་ཁབ་དང་ས་ཁུལ105ཡི་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཞུགས་ཚོང་པ2200ལྷག་འགྲེམས་སྟོན་ནང་ཞུགས་པ་དང་། དཔེ་དེབ་རིགས་ཁྲི30ལྷག་འགྲེམས་སྟོན་བྱས་ཏེ། འབྲེལ་འདྲིས་བྱེད་སྒོ་ཐེངས1000ལྷག་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།