ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར16ལ་སླེབས་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཟླ7པའི་ཚེས29ཉིན་བསྒྲགས་པ་ལྟར་ན། རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར16ལ་སླེབས་ཡོད་པ་དང་། ཉེ་བའི་ཉིན་ཤས་རིང་ས་ཆ་མང་པོར་རང་ས་གནས་ནས་ཐོན་པའི་ནད་པ་ཡོད་ཚུལ་གྱི་སྙན་ཞུ་འབྱོར་ཞིང་། ཏེའར་ཐཱ་གཞན་འགྱུར་ནད་དུག་གི་རྒྱུད་སྤེལ་བྱེད་ཚད་མགྱོགས་པས“ཕྱི་འགོག་ནང་འདྲེན་དང་ནང་འགོག་བསྐྱར་ལོག”མི་འབྱུང་བར་བྱེད་དགོས་ཞེས་གསལ་བསྒྲགས་སྤེལ།  ཀྲུང་གོ་རིམས་ནད་ཚོད་འཛིན་གྱི་ཆེད་མཁས་པས་ཧུར་ཐག་སྒོས་འགོག་སྨན་རྒྱག་རྒྱུ་དང་གནད་སའི་ས་ཁུལ་དུ་རིམས་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ། མང་ཚོགས་རྣམས་སྔར་བཞིན་མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་བྱེད་དགོས་ཞེས་གསལ་འདེབས་བྱས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།