ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་སྤྱི་བསྒྲགས་སྤེལ་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུས་པའི་རིང་། རྒྱལ་ཁབ་མང་པོའི་སྲིད་ཏང་དང་སྲིད་གཞུང་། གྲོས་ཁང་། རྒྱལ་སྤྱིའི་རྩ་འཛུགས། དམངས་ཁྲོད་ཚོགས་པ། འགོ་ཁྲིད་པ། ཀྲུང་གོར་སྡོད་པའི་གཞུང་ཚབ། མཛའ་བརྩེ་ལྡན་པའི་མི་སྣ། ཕྱི་རྒྱལ་གྱི་ཀྲུང་གོ་བ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐེ་ཝན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་སོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་དང་ཀྲུང་དབྱང་གི་འགོ་ཁྲིད་པར་རྟེན་འབྲེལ་ཁ་པར་བཏང་བ་དང་འཕྲིན་ཡིག་བསྐུར་ཏེ་སྨོན་འདུན་ཞུས་པར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་དུ། རྟེན་འབྲེལ་ཞུ་མཁན་ཡོངས་ལ་ལྷག་བསམ་ཟོལ་མེད་སྒོས་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར། །