ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་དཔལ་ཡོན་ཀོས་དབྱང་རྒྱལ་སྤྱིའི་གླེང་སྟེགས་སྟེང་གྲུབ་འབྲས་མང་པོ་ཐོབ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཐཱན་ཉུང་ཚུལ་བསྒྱུར་དང་ལྗང་མདོག་འཕེལ་རྒྱས——མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་མཉམ་གནས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་པ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི2021ལོའི་སྐྱེ་ཁམས་དཔལ་ཡོན་ཀོས་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཚེས13ཉིན་མཇུག་བསྡུས། གླེང་སྟེགས་སྐབས་རྒྱལ་ཁབ་དང་ས་ཁུལ70ནས་ཡོང་བའི་འཐུམ་མིས་ཐཱན་ཉུང་འཕེལ་རྒྱས་དང་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོང་སོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱབ་ཁོངས་ནས་གོ་ལ་ཧྲིལ་བོ་ཅན་དང་ལས་རིགས་ཅན་གྱི་སྐོར་ནས་གྲོས་བསྡུར་བྱས་པས་གྲུབ་འབྲས་མི་དམན་པ་ཐོབ།

སྐྱེ་ཁམས་དཔལ་ཡོན་ཀོས་དབྱང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ་ཀྲང་ཞིན་ཧྲིན་གྱིས་ངོ་སྤྲོད་པ་ལྟར་ན། ཐེངས་འདིའི་གླེང་སྟེགས་སྟེང་གདན་འདྲེན་བྱས་ཡོད་པའི་རྒྱལ་ཁབ་སོ་སོའི་ཆབ་སྲིད་མི་སྣ་གལ་ཆེན་དང་ཆབ་སྲིད་མི་སྣ་ཟུར་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་ཧྲིལ་བོ་ལག་གདང་སྦྲེལ་ནས་ཕྱོགས་ཡོངས་ནས་མཉམ་ལས་དང་། འཛམ་གླིང་ཧྲིལ་བོ་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། འཛམ་གླིང་བཅོས་སྐྱོང་བཅས་དྲང་བདེན་ལུགས་མཐུན་ཅན་གྱི་ཕྱོགས་ལ་གོང་སྤེལ་དུ་གཏོང་འདོད་ཡོད་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་ལས་བྱེད་པའི་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་བྱ་འདོད་ཡོད་ཚུལ་བསྟན། 

ཐེངས་འདིའི་གླེང་སྟེགས་སྟེང་བརྗོད་དོན་གླེང་སྟེགས་ལས་གཞན། ད་དུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་དང་ལྗང་མདོག་ཐོན་རྫས་འགྲེམ་སྟོན། ལྗང་མདོག་ཐོན་ལས་ལས་གཞི་འོས་སྦྱོར་ཚོགས་འདུ་སོགས་བསྡུས་ནས་གཅིག་བསྡུས་སྒོས་གན་རྒྱ་བཞག མཇུག་བསྡུས་པའི་མཛད་སྒོ་སྟེང་ལྗང་མདོག་ཐོན་ལས་ཀྱི་ལས་གཞི10སྟེང་གཅིག་བསྡུས་སྒོས་གན་རྒྱ་བཞག་ཅིང་སྤྱིའི་མ་དངུལ་སྒོར་དུང་ཕྱུར550ལ་སླེབས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།