ཤིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཉིན་འགའི་སྔོན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐག་བཅད་དོན། ཀྲུང་གོ་མཁའ་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་གླིང་ལྔ་པའི་སྤྱིའི་འཆར་འགོད་པུའུ་ཡི་ཕྱོགས་སྟོན་སྲུང་སྐར་འཁོར་ལམ་དོ་དམ་རྣམ་གྲངས་གཞུང་དོན་ཁང་གི་སྤྱི་ཁྱབ་བཀོད་འདོམས་པ་དབྱང་ཧུའེ་སོགས་མི10དང་། ཀྲུང་གོ་ཚན་རིག་ཁང་མཚོ་གཏིང་ཚན་རིག་དང་ལས་གྲྭ་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཧོ་ལི་ཧྲེང་བཅས་ལ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་མཚན་སྙན་གནང་ལ། ཀྲུང་གོ་མཁའ་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་གླིང་དང་པོའི་སའོ18པའི་ལས་དོན་པུའུ་ཡི་ཚན་ཁག6པའི་གློག་གཤེར་སི་ཞབས་ཞུ་མ་ལག་འཆར་འགོད་ཚོ་ཆུང་སོགས་ཐུན་མོང5ལ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་ཐུན་མོང་གི་མཚན་སྙན་གནང་།
ཆོད་དོན་གྱིས་བསྟན་དོན། བྱང་སྐར་མ་ལག་ཨང་གསུམ་པའི་ཞིབ་འཇུག་བཟོ་སྐྲུན་བྱ་བའི་ཁྲོད། བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་བུད་མེད་ཚན་རྩལ་ལས་སྒྲུབ་པ་ཁག་ཅིག་ཐོན་ཡོད། ཁོ་མོ་ཚོས་འཛམ་གླིང་གི་ཚན་རྩལ་མདུན་གྲས་ལ་ཁ་ཕྱོགས་པ་རྒྱུན་འཁྱོངས་བྱས་ཤིང་གསར་སྐྲུན་བྱེད་ཕོད་པའི་བློ་སྟོབས་དང་ཧུར་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་མཚོན་ཆ་གལ་ཆེན་བསྐྲུན་པ་དང་མི་རིགས་ཀྱི་ལ་རྒྱ་སྐྱོང་བ། དུས་རབས་ཀྱི་མཛད་རྗེས་གསར་པ་འཇོག་པ་བཅས་ཀྱི་རླབས་ཆེ་བའི་ལག་ལེན་ནང་ཞུགས་ཤིང་། རྩ་གནད་དང་གལ་འགག་ཆེ་བའི་ལག་རྩལ་ཁག་ཅིག་འགག་སྒྲོལ་བྱས་ནས་འཁོར་སྐར་རྩ་འཛུགས་ལ་ཞིབ་འཇུག་དང་བཟོ་སྐྲུན། ཐོན་སྐྱེད་བཅས་ཀྱི་མ་དཔེ་གསར་བ་བཏོད་ལ། བྱང་སྐར་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་པར་ལེགས་སྐྱེས་གལ་ཆེན་ཕུལ། དེས་དུས་རབས་གསར་པའི་ཀྲུང་གོའི་བུད་མེད་རྣམས་ཀྱི་མེས་རྒྱལ་སེམས་སུ་བཟུང་བ་དང་འབད་བརྩོན་ལྷོད་མེད། དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་པའི་བསམ་པའི་ཉམས་འགྱུར་གང་ལེགས་སྒོས་མཚོན་ཡོད།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་བུད་མེད་ཚན་རྩལ་ལས་དོན་པ་ཚོར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་ཐུན་མོང་མིག་དཔེར་འཛིན་དགོས་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་ཆེས་བཞི”སྲ་བརྟན་དུ་བཏང་ནས་“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱ་དགོས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་མི་སྒེར་གྱི་ཕུགས་བསམ་རང་རྟོགས་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བྱ་གཞག་རླབས་པོ་ཆེའི་ནང་འདྲེས་པར་བྱེད་དགོས། གསར་གཏོད་ཀྱི་གདེང་ཚོད་སྲ་བརྟན་དུ་བཏང་ནས་འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་བྱེད་དགོས། བློ་རྩ་བརྟན་པོས་གསར་གཏོད་གསར་སྐྲུན་བྱས་ཏེ་ཕུགས་འདུན་སྙེག་ཕོད་པ་དང་བློ་བརྟན་འགྱུར་མེད་ངང་དཀའ་སྤྱད་འབད་བརྩོན་བཅས་བྱེད་དགོས། དུས་རབས་བཟང་བོར་དམ་འཛིན་བྱས་ནས་སྙིང་རུས་ཆེན་པོས་མདུན་སྐྱོད་བྱེད་དགོས། ཧུར་ཐག་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བྱས་རྗེས་གསར་པ་འཇོག་པ་དང་སྟོབས་ཤུགས་གསར་པ་ལེགས་སྐྱེས་སུ་འབུལ་དགོས། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་བྱས་རྗེས་འབུལ་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་ཆེད་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་འབོད་སྐུལ་བྱས། །