ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་དུ་དྲ་རྒྱའི་སྦྲེལ་མཐུད་ཚད100%ལ་སླེབས་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧྲིན་རོང་ཧྭ་ཡིས་ཚེས25ཉིན་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དབུ་ཚོགས་སྐབས་བཞི་པའི་གླེང་སྟེགས་གཙོ་བོའི་སྟེང《གྲངས་འཛིན་ཀྲུང་གོའི་འཕེལ་རྒྱས་སྙན་ཞུ(2020年)》ཁྱབ་སྒྲོག་བྱས།  སྙན་ཞུ་ལྟར་ན། 2020ལོའི་ལོ་འཇུག་བར་རང་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་དུ་དྲ་རྒྱ་སྦྲེལ་ཚད2016ལོའི་ལོ་འཇུག་གི79.37%ནས100%ལ་སླེབས་པ་དང་། སློབ་གྲྭ་ཆུང་འབྲིང98.35%ལ་སྨྱན་མང་གཟུགས་ཀྱི་སློབ་ཁང་ཡོད་པར་གྱུར་བས་དྲ་རྒྱ་ཡིས་དབུལ་ཕོངས་མང་ཚོགས་ལ་རང་ནུས་གོང་སྤེལ་དུ་གཏོང་བར་འགུལ་ཤུགས་བསྩལ་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།