ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྔོན་ཐོན་བུད་མེད་ལས་བཟོ་བའི་ཐུན་མོང་དང་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་ཉེ་བའི་དུས་འདིར། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་བུད་མེད་ལས་བཟོ་བར་འབད་བརྩོན་ལྷོད་མེད་དང་འབད་འཐབ་ཧུར་ཐག་བྱ་རྒྱུར་ལྕག་སྐུལ་བཏང་སྟེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག“གནམ་གྱི་ཕྱེད་ཀ”ཡི་ནུས་པ་འདོན་སྤེལ་སྔར་བས་ལེགས་པ་བྱ་ཆེད། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཟླ4པའི་ཚེས19ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་སྔོན་ཐོན་བུད་མེད་ལས་བཟོ་བའི་ཐུན་མོང་དང་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས། རྒྱལ་ཡོངས་ལྔ་གཅིག་བུད་མེད་ཀྱི་གཟེངས་བསྟོད་བྱ་དགའ(བྱ་དགའི་གཟེངས་རྟགས)དང་རྒྱལ་ཡོངས་ལྔ་གཅིག་བུད་མེད་མིག་དཔེའི་ལས་གནས(མིག་དཔེ)ལ་གཟབ་རྒྱས་ངང་བྱ་དགའ་གནང་། 

ཚོགས་ཆེན་ཐོག ཝུའུ་ཝུན་ཅོན་དང་ཀུའོ་ཏཱ་ཝའེ། ཏུའུ་ཅིན་ཧུའེ། ཀྲང་ཝུན་ཉི། ལིའུ་ཅེ་བཅས་བྱ་དགའ་ཐོབ་པའི་འཐུས་མི5ཡིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། སོ་སོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་སོགས་ལས་ཡུལ་དུ་གནས་གཅེས་ལས་བཀུར་དང་གྲུབ་འབྲས་དང་པོ་གཏོད་པ། དཀའ་སྤྱད་འབད་བརྩོན་དང་གསར་གཏོད་བྱེད་ཕོད་པ་བཅས་ཀྱི་འབད་འཐབ་གཏམ་རྒྱུད་དང་སེམས་འགྱུའི་ལམ་བུ་གླེང་། 

པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ངལ་རྩོལ་མི་དོན་དོན་གཅོད་ཁང་གི་བུད་མེད་ལས་བཟོ་བའི་ཁེ་དབང་རྩོད་གཞི་ཐག་གཅོད་ཁང་སོགས་ཐུན་མོང10ལ་རྒྱལ་ཡོངས་ལྔ་གཅིག་བུད་མེད་ཀྱི་གཟེངས་བསྟོད་བྱ་དགའ་ཐོབ་པ་དང་། ཁྲིན་ཧྥང་ཆིང་སོགས་མི10ལ་རྒྱལ་ཡོངས་ལྔ་གཅིག་བུད་མེད་ཀྱི་གཟེངས་རྟགས་ཐོབ། པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་སོགས་ཐུན་མོང350ལ་རྒྱལ་ཡོངས་ལྔ་གཅིག་བུད་མེད་ཀྱི་མིག་དཔེའི་ལས་གནས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཧོང་ཅིང་སོགས་མི350ལ་རྒྱལ་ཡོངས་ལྔ་གཅིག་བུད་མེད་ཀྱི་མིག་དཔེའི་གཟི་བརྗིད་མཚན་སྙན་ཐོབ། སྔོན་ཐོན་ཐུན་མོང350ཡི་ནང་རིམས་ནད་འགོག་རྒོལ་གྱི་ལས་ཡུལ་དང་པོའི་བུད་མེད་ལས་བཟོ་བའི་ཐུན་མོང101ཡོད་ལ28.9%ཟིན། བུད་མེད་ལས་བཟོ་བས60%ཟིན་ཞིང་བུད་མེད་ལས་བཟོའི་ཐུན་མོང་གི16%ཟིན་ཡོད། དེའི་ནང་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་ཚན་ཞིབ། འགྲིམ་འགྲུལ་སྐྱེལ་འདྲེན། ཆ་འཕྲིན་འཕྲིན་གཏོང་། ཨར་སྐྲུན། དངུལ་རྩ་སོགས་ལས་རིགས་མང་པོ་ཚུད་ཡོད།  

ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་སྔོན་ཐོན་བུད་མེད་ལས་བཟོ་བའི་ཐུན་མོང་དང་མི་སྒེར་ལ་ལོ་གཉིས་རེར་དཔྱད་འདེམས་གཟེངས་བསྟོད་ཐེངས་རེ་བྱེད་ཀྱིན་ཡོད། 2021ལོ་བར། རྒྱལ་ཡོངས་སྔོན་ཐོན་བུད་མེད་ལས་བཟོ་བའི་ཐུན་མོང9453དང་རྒྱལ་ཡོངས་སྔོན་ཐོན་བུད་མེད་ལས་བཟོ་བ16327ལ་གཟེངས་བསྟོད་བྱས་ཡོད། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།