ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུས་ཀྲུང་གོ་དང་ཡོ་རབ་བར་གྱི་དངུལ་གཏོང་གྲོས་ཆོད་ལ་མིང་རྟགས་བཀོད་པར་ཤུགས་རྐྱེན་ཐེབས་མིན་ཐད་ལན་བཏབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཡོ་རོབ་མནའ་འབྲེལ་གྱིས་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་འབྲེལ་ཡོད་ཁེར་གཉེར་དང་དངོས་ཚན་ལ་ཕྱོགས་གཅིག་ནས་བཀག་སྡོམ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཀྱང་ངོ་རྒོལ་གྱི་བྱ་ཐབས་སྤྱད་ཡོད། འདིས་ཀྲུང་གོ་དང་ཡོ་རོབ་བར་གྱི་དངུལ་གཏོང་གྲོས་ཆོད་ལ་མིང་རྟགས་འགོད་པར་ཤུགས་རྐྱེན་ཅི་ཞིག་ཐེབས་སྲིད་དམ། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས་ཟླ3པའི་ཚེས25ཉིན་གྱི་རྒྱུན་ལྡན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོའི་གྲོས་མོལ་ལས་ཁུངས་ཀྱིས་དགོས་ངེས་ཀྱི་བཅའ་ཁྲིམས་ཞིབ་བཤེར་ལས་དོན་སྤེལ་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་དངུལ་གཏོང་གྲོས་ཆོད་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་ལ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ལ་ཕན་ཐོགས་ཡོད་པ་མ་ཟད། འཛམ་གླིང་ལའང་ཕན་ཐོགས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།