ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུའི་ཟུར་གསུམ་ཁུལ་དུ་གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྐྱོང་མཉམ་ལས་ལམ་སྲོལ་བཙུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 7པའི་ཚེས24ཉིན་འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་གྲོང་ཁྱེར་དོ་དམ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་མཉམ་ལས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོ་ཧྲང་ཧའེ་རུ་འཚོགས་ཤིང་། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་གྲོང་ཁྱེར་གཅིག་དང་ཞིང་ཆེན་གསུམ་གྱི་དོ་དམ་ཁྲིམས་སྐྱོང་སྡེ་ཚན་གྱིས《འབྲི་ཆུའི་ཟུར་གསུམ་གྱི་ཁུལ་ཁོངས་གཞི་གཅིག་ཅན་གྱི་གྲོང་ཁྱེར་དོ་དམ་གྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་མཉམ་ལས་ལམ་སྲོལ》ལ་མིང་རྟགས་བཀོད་པ་རེད། ཧྲང་ཧའེ་ཡི་ཆུས16གི་གྲོང་ཁྱེར་དོ་དམ་ཁྲིམས་སྐྱོང་ཅུས་དང་ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར43དང་གསར་སྤེལ་ཁུལ་གྱི་གྲོང་ཁྱེར་དོ་དམ་ཁྲིམས་སྐྱོང་སྡེ་ཚན་གྱིས་མཉམ་དུ་ཆ་སྒྲིག་མཉམ་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཀྱིས་འབྲི་ཆུའི་ཟུར་གསུམ་ཁུལ་ཁོངས་ཀྱི་གྲོང་ཁྱེར་དོ་དམ་ཁྲིམས་སྐྱོང་གི་སྒྲིག་སྲོལ་ལམ་ལུགས“གཅིག་གྱུར་ཅན”དང་། ཁྲིམས་སྐྱོང་ལམ་སྲོལ“མཉམ་སྒྲུབ་ཅན”མངོན་འགྱུར། དཔུང་ཁག་འཛུགས་སྐྱོང“གཞི་གཅིག་ཅན”ལ་སྐུལ་འདེད་གཏོང་བ་དང་། དེ་བཞིན་ཆ་འཕྲིན་གྲངས་གཞི་ཕན་ཚུན་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ས་ཁོངས་གཞི་གཅིག་ཅན་གྱི་གྲོང་ཁྱེར་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་སྐྱོང་མཉམ་ལས་ལམ་སྲོལ་གྱི་ཐབས་ལམ་བཙུགས་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་ཁྲིམས་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་དང་། ལམ་སྲོལ་གསར་གཏོད། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ལ་ལག་ལེན་གྱི་མ་དཔེ་མཁོ་འདོན་ཐུབ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།