ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126089154_15916175473011n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་བརྒྱད་པ་ཚེས་བརྒྱད་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནངས། 

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་བྱ་བའི་སྤྱི་བསྡོམས་སྙན་ཞུ་དང་གྲོས་ཚོགས་སྐབས་སུ་ཨུ་ཡོན་དག་གི་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་འཆར་དང་གྲོས་གཞི་སྐོར་གྱི་གནས་ཚུལ་སྙན་ཞུ་ལ་གསན། 

ཝང་དབྱང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་བདེ་བླག་ངང་སྤེལ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱས་ཤིང་། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་བྱེད་པའི་དམིགས་བསལ་གནས་བབ་འོག གྲོས་ཚོགས་ཀྱི་ཚོགས་ཡུན་ཇེ་ཐུང་དུ་བཏང་བ་དང་། ལས་འགན་སྔར་ལས་ལྗིད་ཅིང་རེ་བ་སྔར་ལས་མཐོན་པོ་བཏོན་ཡོད་ཀྱང་། ཨུ་ཡོན་དང་ཚོགས་ཆེན་གྱི་ལས་བྱེད་མི་སྣས་མཐུན་སྒྲིལ་རོགས་ལས་བྱས་པ་དང་། ཚོགས་སྲོལ་དང་དར་སྲོལ་ལེགས་བཅོས་བྱས་ནས་གསར་གཏོད་ཀྱི་བྱེད་ཐབས་མང་བོ་འཚོལ་ཞིབ་བྱས་ཏེ། ཚོགས་ཆེན་གྱི་གྲ་སྒྲིག་དང་རྩ་འཛུགས་བྱ་བ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས། དེ་ལས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་རྣམ་པ་གསར་བ་མངོན་པར་བྱས་ཡོད་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་བར་འགན་ཆེན་པོ་ཁུར་བའི་འགན་འཁྲིའི་ཁག་ཁུར་ཡང་མངོན་པར་བྱས་ཡོད་ཞེས་གསུངས། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་ན་ཐེངས་འདིའི་གྲོས་ཚོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོར་སྤྱི་བསྡོམས་དང་བེད་སྤྱོད་གང་ལེགས་བྱེད་དགོས། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་གཟའ་འཁོར་ཟུང་གི་གྲོས་མོལ་བཞུགས་མོལ་ཚོགས་འདུ། རྒྱང་བསྟེན་གྲོས་མོལ་ཚོགས་འདུ་སོགས་གྲོས་ཚོགས་དང་རྟོག་ཞིབ་བྱ་བའི་ཁྲོད། བསྟུད་མར་ཚོགས་སྲོལ་དང་དར་སྲོལ་ལེགས་བཅོས་དང་། ཕྱི་ཚུལ་རིང་ལུགས་ཁྱད་དུ་བསལ་ནས། གྲོས་ཚོགས་དང་བྱ་འགུལ་སྣ་ཚོགས་ཀྱི་ལས་རིམ་སྔར་ལས་ཚད་ལྡན་དང་ནང་དོན་སྔར་ལས་ཉིང་བསྡུས། བྱ་བ་སྔར་ལས་ཇེ་ལེགས་སུ་འགྱུར་བར་བྱས་ཏེ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་འཕེལ་རྒྱས་གསར་བ་མངོན་པར་བྱེད་དགོས། སྔོན་གྱི་བྱ་བའི་རྨང་གཞིའི་སྟེང་དུ་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་སྲིད་གྲོས་གྲོས་མོལ་བྱ་བའི་སྒྲིག་སྲོལ་དང་སྲིད་གྲོས་ནང་ཁུལ་གྱི་ལས་རིགས་སོ་སོའི་ཨུ་ཡོན་གྱི་གྲོས་མོལ་ལམ་ལུགས། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་བྱ་བར་ཤུགས་སྣོན་པའི་མཛུབ་སྟོན་བསམ་འཆར་སོགས་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ལས་རིམ་ཚད་ལྡན་དང་འཁོར་རྒྱུག་བཟང་ལ་ཕན་ནུས་ལྡན་པའི་ལམ་ལུགས་མ་ལག་ཆགས་པར་བྱེད་དགོས། རྟོག་ཞིབ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་འདོན་སྤེལ་བྱེད་པ་དང་། ཨུ་ཡོན་གྱི་རང་དབག་རྟོག་ཞིབ་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ་ཐུན་མོང་རྟོག་ཞིབ་ཀྱི་བྱེད་ཐབས་ལ་ཞིབ་འཇུག་དང་ལེགས་བཅོས་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཨུ་ཡོན་གྱི་སྤོ་སྒུལ་འགན་འཁྲིའི་ལག་བསྟར་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་དྲ་རྒྱར་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས། ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞི་གཙོ་བོའི་གྲུབ་འབྲས་ལེགས་བསྒྱུར་བྱེད་དགོས། 

གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞིའི་ཉིན་བར་པེ་ཅིང་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས་ཏེ། སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལོན་པར་བྱས་ནས་དབུལ་ཕོངས་ཐག་གཅོད་བྱེད་པའི་ཡུན་རིང་རྐྱེན་སྲོལ་འཛུགས་པའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཐག་བཅད། གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་འདོན་གཙོ་བོ་དང་ལྟ་རྟོག་བྱེད་ཐབས་ལ་རྩ་བའི་ཐོག་ནས་གྲོས་འཆམ་བྱུང་བ་དང་། གྲོས་འདོན་གཙོ་བོ་དོན་གསུམ་གཏན་འཁེལ་བྱས། 

ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་བྱང་སྐར་འཁོར་སྐར་ལམ་སྟོན་མ་ལག་བཟོ་སྐྲུན་གྱི་སྤྱིའི་ཇུས་འགོད་མཁན་དབྱང་ཁྲང་ཧྥུན་གྱིས་གདན་ཞུས་ལྟར་ཁ་བྱང་ལ་ཀྲུང་གོའི་བྱང་སྐར་འཁོར་སྐར་ལམ་སྟོན་མ་ལག་གི་འཛུགས་སྐྲུན་ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།