ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐག་གཅོད་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐག་གཅོད་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན་མགོ་འཛིན་མཛད་དེ་མགོ་ཁྲིད་བྱ་བའི་ཚན་ཆུང་གི་གྲོས་ཚོགས་བསྡུས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐག་གཅོད་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཀྲུང་དབྱང་གི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཐག་གཅོད་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་ཀྱི་གནས་ཚུལ་གསར་བར་གཞིགས་ཏེ། གནད་ས་འབུར་དུ་ཐོན་པའི་སྒོ་ནས་འགོག་སྲུང་བྱ་བ་བཟང་བོར་བསྒྲུབས་པ་དང་། འགོག་སྲུང་ཞན་པའི་ལས་རིམ་སྲ་བརྟན་དུ་བཏང་ནས། རིམས་ནད་ཡང་བསྐྱར་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། རྒྱུན་རྣམ་ཅན་གྱི་འགོག་སྲུང་ཁྲོད་ཕྱོགས་ཡོངས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་ནས་བསྟན་དོན། མིག་སྔར་རྒྱལ་ནང་གི་ས་ཁུལ་ལ་ལར་གཅིག་འདུས་རང་བཞིན་གྱི་རིམས་ནད་ཡང་བསྐྱར་འབྱུང་བའི་སྣང་ཚུལ་ཡོད་པ་དང་། ས་ཁུལ་ལ་ལར་སྨན་ཁང་ནས་ཕན་ཚུན་འགོ་བའི་སྣང་ཚུལ་ཡོད། འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་བྱ་བའི་ཚན་ཆུང་མངག་སྟེ་འབྲེལ་ཡོད་ས་ཁུལ་གྱིས་རྒྱུ་རྐྱེན་རྩད་ཞིབ་ནན་མོ་བྱེད་པ་དང་མངོན་གསལ་གྱིས་སྙན་ཞུ་བྱེད་པར་མཛུབ་སྟོན་དང་། གང་མགྱོགས་སྒོས་རིམས་ནད་འགོ་བར་བཀག་འགོག་དང་འགོག་སྲུང་གི་མི་འདང་ས་ཁ་གསབ་བྱེད་དགོས་ལ། ཁྱད་པར་དུ་སྨན་ཁང་ཕན་ཚུན་འགོ་བར་གཏན་འགོག་བྱེད་དགོས། 

གྲོས་ཚོགས་ནས་བསྟན་དོན། རྒྱུན་རྣམ་ཅན་གྱི་འགོག་སྲུང་བཟང་བོར་བསྒྲུབ་དགོས་ན་ཞིབ་བཤེར་ནུས་པ་ཇེ་མཐོར་གཏོང་དགོས་པ་དང་། གཞི་རྒྱ་ཆེ་བའི་སྒོ་ནས་ཉིང་སྐྱུར་དང་རིམས་འགོག་ནུས་པའི་ཞིབ་བཤེར་བྱ་བ་རྒྱ་ཆེར་སྤེལ་དགོས། དེ་ཡང་དག་པར་འགོག་སྲུང་བྱེད་པ་དང་། མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ། ཕྱོགས་ཡོངས་ནས་ཐོན་ལས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད། ཞིབ་བཤེར་ལག་རྩལ་མཐོར་འདེགས་བྱས་ཏེ་སྔར་ལས་སྟབས་བདེ་དང་ཕན་ནུས་མཐོ་ལ་ཡང་དག་པའི་ཞིབ་བཤེར་སྒྲིག་ཆས་ཀྱི་ཐོན་སྐྱེད་དང་ཚོང་ལས་ཅན་གྱི་བེད་སྤྱོད་མྱུར་དུ་རྒྱ་བསྐྱེད་དེ་ཞིབ་བཤེར་གང་ལེགས་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འབྲེལ་འགོག་སྲུང་རྐྱེན་སྲོལ་གྱིས་རིམས་ནད་ཉེན་ཁའི་རིམ་པའི་གཏན་འཁེལ་ཚད་གཞི་ལེགས་བཅོས་བྱས་ཤིང་། སྔར་ལས་ཡང་དག་པའི་སྒོ་ནས་ས་ཁུལ་སོ་སོའི་ཉེན་ཁའི་གནས་ཚུལ་སྙན་ཞུ་བྱས་ཏེ། རྒྱུན་རྣམ་ཅན་གྱི་འགོག་སྲུང་དང་ཐོན་ལས་སླར་གསོའི་དགོས་མཁོ་དང་འཚམ་པར་བྱེད་དགོས། ལྔ་གཅིག་གནང་བའི་སྐབས་ཀྱི་འགྲུལ་བཞུད་དང་གནས་སྐོར་སོགས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་ནན་ཏན་གྱིས་བཟང་བོར་བསྒྲུབ་དགོས། 

གྲོས་ཚོགས་ནས་བསྟན་དོན། མཐའ་མཚམས་རྒྱུ་ལམ་གྱི་རིམས་ནད་འགོག་སྲུང་ལ་ཤུགས་སྣོན་བྱེད་དགོས་པ་དང་། འགོག་སྲུང་མི་སྣ་དང་དངོས་རྫས་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དགོས། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རིམས་འགོག་མཁོ་དངོས་ཀྱི་རྒྱུ་སྤུས་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། རིམས་འགོག་མཁོ་དངོས་ཀྱི་ཕྱིར་གཏོང་ཐད་སྟབས་བདེ་བཟོ་དགོས་ཟེར། 

མགོ་ཁྲིད་བྱ་བའི་ཚན་ཆུང་གི་ཁོངས་མི་ཧོང་ཁོན་མེན་དང་ཚེ་ཆི། ཝང་དབྱེ། ཞའོ་ཆེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།