ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཟློག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ལ་རྒྱལ་ཁབ་ཕྱི་ནང་དུ་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཟློག་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་ལག་གདང་མཉམ་སྦྲེལ་གྱིས་རིམས་འགོག་བྱས་ཏེ་དཀའ་ངལ་མཉམ་སེལ་བྱེད་ཅེས་པའི་གསུང་བཤད་གལ་ཆེན་གནང་སྐབས་བསྟན་དོན། དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་ལ་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་ཆེས་ཆེར་བསྐྱེད་བྱེད་པ་དང་སེམས་ཤུགས་གཅིག་སྒྲིལ་སྒོས་མཐུན་སྒྲིལ་དམ་པོ་བྱས་ནས་ཁ་གཏད་འཇལ་དགོས། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པར་མ་ཟད་རྒྱལ་ཁབ་གཞན་དག་ལ་ནུས་ཤུགས་གང་ཡོད་སྒོས་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་སོ་སོའི་མི་སྣས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཀྲུང་གོས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པར་བྱས་པ་དང་། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་སླར་གསོ་བྱེད་པར་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་སྒུལ་ཤུགས་ཆེན་པོ་བསྣན་ཟེར།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ནུས་པ་ལྡན་པའི་ནོར་སྲིད་དང་དབུལ་ལོར་སྲིད་ཇུས་ལག་བསྟར་བྱས་ཏེ། འཛམ་གླིང་གི་དངུལ་རྩའི་ཚོང་ར་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས་ཟེར། རྒྱལ་ཁབ་མང་པོའི་མི་སྣས་བཤད་རྒྱུར། ཀྲུང་གོས་ཧུར་ཐག་དང་གོ་རིམ་ཡོད་པའི་སྒོ་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་བྱེད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད། གསུང་བཤད་ལས་བཏོན་པའི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ཡངས་པར་ཕྱེས་པ་དང་ཚོང་རར་ཞུགས་ཚད་རྒྱ་བསྐྱེད་པ་སོགས་ཀྱི་དངོས་གཉེར་བྱེད་ཐབས་སྤྱད་པ་དེས་འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་ཐད་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་ལ་འགན་འཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལོ་ཁི་ཁི་ཡིས་བཤད་རྒྱུར། ཀྲུང་གོས་འཛམ་གླིང་དཔལ་འབྱོར་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། ཀྲུང་གོའི་དཔལ་འབྱོར་རྒྱུན་ལྡན་ཆུ་ཚད་དུ་སླར་གསོ་བྱེད་བཞིན་ཡོད་པ་དང་ལྷག་པར་དུ་གསར་བཟོ་ལས་རིགས་དང་གནད་འགག་ཐོན་རྫས་མཁོ་སྤྲོད་ཕྱོགས་སུ་འབུར་ཐོན་ནུས་ཤུགས་བཏོན་པ་དེས་འཛམ་གླིང་ཡོངས་ཀྱི་རིམས་ནད་འགོག་སྡོམ་ཐད་ནས་རྒྱལ་ཁ་ལེན་པ་དང་འཛམ་གླིང་དཔལ་འབྱོར་རྒྱུན་ལྡན་སྒོས་འཁོར་རྒྱུག་བྱེད་པར་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།