ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་བར། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་དང་ལེན་བྱས་པའི་ལས་ཁུངས45ཡི་སྐོར་གཟིགས་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་ཚང་མ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པ་རེད།
ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2019ལོའི་ཟླ3པ་ནས་ཟླ6པའི་བར། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་ཐེངས་གསུམ་པའི་སྐོར་གཟིགས་ཀྱིས་ཀྲུང་གོ་འཕུར་སྐྱོད་ཚན་རྩལ་ཚོགས་སྡེ་ཚད་ཡོད་ཀུང་ཟི་སོགས་ལས་ཁུངས42ཡི་ཁེ་ལས་དོ་དམ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་དབང་མ་རྩ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ལས་རིགས་གཙོ་སྐྱོང་སྡེ་ཁག་གི་ཏང་ཙུའུ(ཏང་ཨུ)3ལ་གཅིག་སྡུད་ཐོག་རྒྱུན་གཏན་གྱི་སྐོར་གཟིགས་བྱས་པ་རེད། 2019ལོའི་ཟླ8པའི་ཚེས3ཉིན་གཅིག་སྡུད་ཀྱིས་གནས་ཚུལ་ཕྱིར་འདྲེན་ཁྱབ་བསྒྲགས་བྱས་པ་རེད།
ཟླ3པའི་ཚེས20ནས22ཉིན་བར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སྟེང་ཁག་གསུམ་ལ་བགོས་ནས་ལས་ཁུངས45ཡི་སྐོར་གཟིགས་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་རེད། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་མཇུག་འགྲིལ་རྗེས། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་དབྱང་ཁེ་ལས་དོ་དམ་གྱི་སྐོར་གཟིགས་ཁྱོན་ཡོངས་ལ་ཁྱབ་ནས། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་གཟིགས་ཁྱོན་ཡོངས་ལ་ཁྱབ་པའི་ཁག་དང་པོར་གྱུར་ཡོད།
དག་ཐེར་གྱི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལ་བལྟས་ན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་བཏོན་པའི་གནད་དོན་ལ་དམིགས་ནས། ཀྲུང་དབྱང་ཁེ་ལས་དོ་དམ་གྱི་ཏང་ཙུའུ(ཏང་ཨུ)ཡིས་དག་ཐེར་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་པ་དང་། སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་ཡོངས་ཁྱབ་འཛུགས་པ། དག་ཐེར་གྱི་ཇུས་གཞི་བཟོ་བ། དག་ཐེར་གྱི་དམིགས་ཚད་ལས་འགན་ངེས་གསལ་ཡོད་པ། གནད་དོན་ལ་ཞིབ་བསྡུར་ནན་མོ་བྱས་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། སྔར་ལས་ལྷག་པའི་སྒོ་ནས་གཙོ་འགན་འཁུར་མཁན་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དོན་འཁྱོལ། ཀྲུང་དབྱང་གིས་ཁེ་ལས་ལ་དོ་དམ་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཐུབ་དགོས། ལ་ལས“གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ལམ་ལུགས་དང་ལས་ཀའི་གྲོས་རིམ་ལམ་སྲོལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ་། ཏང་ཙུའུ(ཏང་ཨུ)ཡིས་དོན་ཆེན་དོ་དམ་དང་། དོན་ཆེན་གྲོས་མོལ། གཙོ་གནད་དམ་འཛིན་བཅས་འབུར་ཐོན་བྱས་ཏེ། སྔར་ལས་ལྷག་པར་ཏང་གི་འགོ་ཁྲིད་ཡིས་ཀུང་སི་བཅོས་སྐྱོང་བྱེད་པའི་ལམ་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལ་ལས་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་ལ་སྐྱོང་བའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲི་ཞིབ་ཐོ་བཟོས་ནས་དོན་འཁྱོལ་བྱས་པ་དང་། བརྟག་ཞིབ་ལྟ་སྐུལ་དང་དཔྱད་ཞིབ་འགན་འཁྲི་རྩད་གཅོད་སོགས་བྱས་པ་བརྒྱུད། ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་དུ་བཏང་བ་དང་། ཁྱབ་ཁོངས་གཙོ་གནད་ཀྱི་སྤྱོད་གཙང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པ། དངོས་ཟོག་ཉོ་སྒྲུབ་དང་། རྨང་གཞིའི་འཛུགས་སྐྲུན་གྱི་ལག་རྩལ་བཅོས་བསྒྱུར་། ཕྱི་ཕྱོགས་ཀྱི་མཐུན་ཚོགས་དང་ཕྱི་ཕྱོགས་ཀྱི་འགན་ལེན། སུས་འཇོན་དེ་འགུག རིན་གོང་བསྡུར་ཚད་སོགས་ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་ཏང་ལ་ནན་ཏན་གྱིས་སྐྱོང་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་དགོས། །