ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཞིང་ལས་བྱ་བ་འགོར་འགྱངས་སུ་མི་གཏོང་བར་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱེད་པར་བཀོད་སྒྲིག་བྱས་པ་དང་། དུས་སྐབས་རང་བཞིན་གྱི་ཁེ་ལས་སྤྱི་ཚོགས་འགན་སྲུང་མ་དངུལ་ཇེ་ཉུང་དང་མེད་པར་གཏོང་བ་དང་ཁེ་ལས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལྷོད་སྤྲོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་པ་དང་བྱེད་ཐབས་ནུས་ལྡན་སྤྱད་ནས་ཁེ་ལས་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས་སུ་གཏོང་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རེ་བ་ལག་བསྟར་བྱས་ཏེ། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམ་འཛིན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས། ཞིང་ལས་བྱ་བ་འགོར་འགྱངས་སུ་མི་གཏོང་བ་དང་ས་གནས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་དམ་འཛིན་བྱས་ནས་དབྱར་ཁར་ལོ་ལེགས་འབྱུང་བ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམ་འཛིན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་སྐབས། དགོས་གལ་ཆེ་བའི་ལས་འགན་ནི་ལས་ཞུགས་བརྟན་འཇགས་བྱེད་རྒྱུ་དེ་ཡིན་ལ་། ལས་ཞུགས་བརྟན་འཇགས་བྱེད་ན་ཅིས་ཀྱང་ཁེ་ལས་བརྟན་འཇགས་སུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།