ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་ཝང་དབྱང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : ཤིན་ཧྭ་དྲ་བ།     སྤེལ་དུས། : 2020-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་ཚོགས་འདུ་ཚེས9ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་རྒྱུ། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་རྒྱུ། “སྲུང་སྐྱོང་གཉིས”ལེགས་པར་སྲུང་ནས་ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་ལ་འཛིན་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་ཁོངས་མིའི་བློ་གྲོས་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཟླ1ཚེས9ཉིན་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 

ཝང་དབྱང་གིས་འདས་ཟིན་པའི་ལོ་གཅིག་གི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་། འཐབ་ཕྱོགས་གཅིག་གྱུར་ཁྲོད་གནས་པའི་མངོན་གསལ་དོད་པའི་ལམ་ལུགས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱེད་པ། “གང་ཞིག་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་བ་དང་། གང་ཞིག་འཐུས་ཚང་དུ་གཏོང་བ། གང་ཞིག་འཕེལ་རྒྱས་གཏོང་དགོས་པ”གསལ་པོ་བཟོ་བ་བཅས་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”གནད་ཁེལ་དབུལ་སྐྱོར་བྱ་འགུལ་ལ་སྐུལ་འདེད་གཏིང་ཟབ་དུ་གཏོང་རྒྱུ་དང་། དམངས་གཙོའི་ཏང་ཤོག་གིས་དབུལ་ཐར་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་མུ་མཐུད་དུ་ཡག་པོ་སྤེལ་རྒྱུར་ཁྲིད་སྟོན་བྱེད་པ། ཏང་ཕྱིའི་ལས་རིགས་ཁག་གི་མི་སྣ་རྣམས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་དྲང་ནུས་བརྒྱུད་སྤྲོད་བྱེད་དགོས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་རྨང་གཞི་འདིང་བ་དང་། རྩ་བར་དོ་དམ། ཕུགས་ལ་ཕན་པ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབས་ཏེ་ཉེན་ཁ་སྔོན་འགོག་དང་བར་ཆད་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས། དམངས་གཉེར་དཔལ་འབྱོར་དང་། ཏང་ཕྱིའི་ཤེས་ཡོན་ཅན། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ། ཕྱི་རྒྱལ་དུ་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་བྱེད་སྟངས་དང་བྱེད་ཐབས་བཅས་གསར་གཏོད་བྱས་ནས་སྔར་ལས་ལྷག་པར་ཏང་ཕྱིའི་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་བཀོད་པ་མཐའ་འཁྱོངས་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཏང་ཡོངས་ཀྱིས་ཐུན་མོང་ཐོག་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྒྲུབ་པའི་མཉམ་ཤུགས་ཤིག་ཆགས་སུ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཆོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། ཁོང་གིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། མི་སེམས་གཅིག་སྒྲིལ་གྱི་རྩ་བར་དམ་པོར་དམིགས་པ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་གཙོ་རྐང་མངོན་གསལ་དོད་པོ་ཡོང་བ་བྱེད་པ། བསམ་ཕྱོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཤུགས་ཆེན་གཏོང་བ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཉེན་ཁའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་ཁག་ཏུ་གནས་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གསེད་བཀྲོལ་དང་གྲལ་བཤེར་ནན་ཏན་བྱས་ཏེ་སྒྱུར་བཅོས་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་དོན་གྱི་བཀོད་པ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ལེགས་པོར་བསྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

 རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐེ་ཨར་གྲོས་ཚོགས་ལ་ཞུགས། ། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།