ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉི་ཤུ་ལོའི་ལོ་སར་ཟློས་གར་རོལ་མོའི་དགོང་ཚོགས་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ནང་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉི་ཤུ་ལོའི་ལོ་སར་ཟློས་གར་རོལ་མོའི་དགོང་ཚོགས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ནང་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྱིས་རྒྱལ་སའི་མང་ཚོགས་སྟོང་ལྷག་དང་མཉམ་དུ་ཟློས་གར་རོལ་མོའི་འཁྲབ་སྟོན་ལ་གཟིགས་ཏེ་ལོ་གསར་བ་སླེབས་པར་བསུ་མ་བྱས།

དགོང་མོའི་དུས་ཚོད་བཅུ་དགུ་དང་སྐར་མ་ཞེ་ལྔའི་སྟེང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་དགོང་ཚོགས་ཀྱི་ཡུལ་དངོས་ལ་ཕེབས་ཏེ་འཁྲབ་སྟོན་ལ་ལྟ་རུ་ཡོང་བའི་སྒྱུ་རྩལ་པ་རྒན་པ་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་བ་དང་ཕན་ཚུན་ལ་འཚམས་འདྲི་བྱས།

ཉིས་སྟོང་ཉི་ཤུ་ལོར་འབོད་སྐུལ་བྱེད་པ་ཞེས་པའི་ལེ་ཚན་དང་བསྟུན་ནས་དགོང་ཚོགས་དངོས་སུ་འགོ་བརྩམས་པ་དང་། སྒྱུ་རྩལ་པ་རྣམས་ཀྱིས་ཕུན་སུམ་ཚོགས་པའི་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་པར་ཚོགས་ར་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་རྒན་པ་ཁ་ཤས་དང་རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་ཁ་ཤས། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་སོགས་ཀྱིས་ཟློས་གར་རོལ་མོའི་འཁྲབ་སྟོན་ལ་བལྟས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།