ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་ཞིབ་ཚོགས་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམ་སྟོན་ལ་ལྟ་ཞིབ་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་ཞིབ་ཚོགས་པ་པེ་ཅིན་འགྲེམ་སྟོན་ཁང་དུ་སོང་སྟེ་རླབས་ཆེན་གྱི་ལོ་རྒྱུས་བརྒྱུད་རིམ། འོད་སྟོང་འབར་བའི་གྲུབ་འབྲས་ཞེས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམ་སྟོན་ཆེན་མོར་ལྟ་ཞིབ་བྱས།

འགྲེམ་སྟོན་ཁང་དུ་ཡུན་རིང་ལོ་རྒྱུས་ལྡན་པའི་པར་རིས་རྙིང་བ་དང་རྟེན་རྫས་རེ་རེ་བཤམས་ཡོད་པ་དང་། ཉིས་སྟོང་བཅུ་དགུ་ལོའི་གྲངས་ཉུང་མི་རིགས་ལྟ་ཞིབ་ཚོགས་པའི་འཐུས་མི་རྣམས་ཀྱིས་དེ་ལ་ལྟ་ཞིབ་བྱས་རྗེས། རང་ཉིད་ཀྱི་ཕ་ཡུལ་ལ་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་བ་མཐོང་བར་མ་ཟད། ཚན་རྩལ་དང་སློབ་གསོ་སོགས་ཁྱབ་ཁོངས་ནས་བླངས་པའི་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཐད་ནས་བག་ཆགས་ཟབ་མོ་བཞག

གྲངས་ཉུང་མི་རིགས་ཀྱི་འཐུས་མི་རྣམས་ཀྱིས་བཤད་རྒྱུར། མི་རིགས་སོ་སོ་མཐུན་སྒྲིལ་གཅིག་གྱུར་དང་འཆམ་མཐུན་མཉམ་གནས་བྱེད་པ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་དུ་སོང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་ངེས་ཡིན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།