ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཚོང་རའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་སྔོན་དཔག་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་སྣོན་པ་དང་། དངོས་གོང་གཞི་རྩའི་བརྟན་འཇགས་སྲུང་འཛིན་བྱས་ཏེ་གཞི་རྩའི་དམངས་ཚིས་འགན་སྲུང་བྱེད་རྒྱུ་བཀོད་སྒྲིག་བྱས་ཤིང་། སོལ་འབར་གློག་འདོན་དྲ་འཇུག་གློག་རིན་གྲུབ་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་གློག་ཤུགས་ཚོང་ར་ཅན་གྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་གློག་བཀོལ་མ་རྩ་ཇེ་དམའ་རུ་གཏོང་རྒྱུ་ཐག་བཅད་པ་དང་། སྐོར་བརྒྱད་པའི་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་ཁུངས་གཙོ་བོ་ཞིབ་བཤེར་གཏན་འབེབས་བྱས།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །