ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་འགྲན་རྩོད་ཨུ་ཡོན་ལྷན་ཁང་གིས་གུ་ཀེ་ཀུང་ཟི་ལ་དངུལ་ཆད་བཅད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་འགྲན་རྩོད་ཨུ་ཡོན་ལྷན་ཁང་གིས་ཚེས10ཉིན་ཨ་རིའི་གུ་ཀེ་ཀུང་ཟིས་མགྲོན་ཁང་འཚོལ་བཤེར་དང་འབྲེལ་བའི་འོས་འགན་ལག་བསྟར་མ་བྱས་པར་རྐྱེན་བྱས་ཏེ། ཀུང་ཟི་དེར་ལ་ལི་ལ་སྒོར་དུང་ཕྱུར4.82(ཨ་སྒོར་ལྟར་རྩིས་ན་སྒོར་ཁྲི1480ལྷག)ཡི་དངུལ་ཆད་བཅད། 

ཨུ་ཡོན་ལྷན་ཚོགས་དེས་སྤེལ་བའི་གསལ་བསྒྲགས་ཞིག་གི་ནང་། གུ་ཀེ་ཡིས་འགྲན་རྩོད་ལྡན་པའི་འཚོལ་བཤེར་གཞན་པར་མགྲོན་ཁང་གི་རིན་གོང་ཨང་རིམ་ནས་ཕུད་པའི་གནས་ཚུལ་ལྡན་པར་བཤད།

གུ་གེ་ཡིས་སྤེལ་བའི་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་ཀྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས། ཨུ་ཡོན་ལྷན་ཁང་དེས་ད་ལོའི་ཟླ3པའི་ཚེས21ཉིན་གུ་གེ་ལ་དུས་ཡུན་ཟླ་བ3རིང་གི་ལྟ་སྐུལ་ཚོད་འཛིན་བྱས་ཤིང་། མགྲོན་ཁང་གི་ཞག་སྡོད་རིན་གོང་འཚོལ་ཞིབ་བརྩི་ཐབས་དེ་ཐུར་ཁེ་རྒྱལ་ཁབ་ཀྱི་དྲང་གཞག་འགྲན་རྩོད་ཀྱི་ཁྲིམས་སྲོལ་དང་འགལ་ཡོད་མེད་ལ་དཔྱད་དཔོག་བྱ་རྒྱུའི་གཏན་འབེབས་བྱས། དེ་རྗེས་སྒྲིག་གཞི་དེས་སླར་ཡང་གུ་ཀེ་ལ་གནས་སྐབས་ཀྱི་སྲིད་འཛིན་དངུལ་ཆད་གཅོད་རྒྱུ་དང་། ས་གནས་དེ་གའི་མགྲོན་ཁང་འཚོལ་བཤེར་ཞབས་ཞུའི་འོས་འགན་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

གསལ་བསྒྲགས་ནང་། ཟླ5པའི་ཚེས21ཉིན་ཐུར་ཁེའི་འགྲན་རྩོད་ཨུ་ཡོན་ལྷན་ཁང་གིས་གུ་ཀེ་ལ་གནས་སྐབས་ཀྱི་སྲིད་འཛིན་དངུལ་ཆད་གཅོད་རྒྱུ་གནས་སྐབས་སུ་མཚམས་བཅད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།