ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཡོར་སྒོར་ཁུལ་གྱི་འགག་རྩའི་སྐྱེད་ཀ་གསུམ་པོར25རེ་ཇེ་དམའ་རུ་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ཚེས6ཉིན་དངུལ་ལོར་སྲིད་ཇུས་གྲོས་ཚོགས་བསྡུས་པ་དང་། ཡོར་སྒོར་ཁུལ་གྱི་འགག་རྩའི་སྐྱེད་ཀ་གསུམ་པོར25རེ་ཇེ་དམའ་རུ་བཏང་རྒྱུ་ཐག་བཅད། ཡོར་སྒོར་ཁུལ་གྱི་ཡང་བསྐྱར་དངུལ་བསྡོམས་སྐྱེད་ཀ་དང་མཐའ་མཚམས་བུན་ལེན་སྐྱེད་ཀ། གསོག་འཇོག་ལམ་སྲོལ་གྱི་སྐྱེད་ཀ་བཅས་སོ་སོར4.25%དང4.5%། 3.75%བར་ཇེ་དམའ་རུ་བཏང་། ཟླ་འདིའི་ཚེས12ཉིན་ནས་ལག་བསྟར་བྱ་རྒྱུ་རེད། འདི་ནི་་ཡོ་རོབ་གླིང་ཀྲུང་དབྱང་དངུལ་ཁང་གིས་ན་ནིང་གི་ཟླ10བར་སྐྱེད་ཀ་ཇེ་མཐོར་བཏང་རྗེས་ཐོག་དང་བོར་སྐྱེད་ཀ་ཇེ་དམའ་རུ་བཏང་བ་རེད། །

 
རྩོམ་སྒྲིག་པ། : 才让东珠