ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་གིས་ཝུའུ་ཁུ་ལན་ལ་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱ་རྒྱུ་ཡིན་ཞེས་བསྒྲགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས6ཉིན། ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་གིས། ཧྥ་རན་སི་ཡིས་ཝུའུ་ཁུ་ལན་ལ“འཕྲུལ་སྣང”རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱ་རྒྱུ་མ་ཟད། ཝུའུ་ཁུ་ལན་ལ་གནམ་གྲུ་ཁ་ལོ་བ་གསོ་སྐྱོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

མ་ཁེ་ལུང་གིས་ཉིན་དེར་ནོ་མན་ཏི་སྐམ་སར་འཛེགས་ནས་ལོ་འཁོར80ལོན་པའི་རྗེས་དྲན་བྱ་འགུལ་ནང་ཞུགས་རྗེས་ཧྥ་རན་སིའི་བརྙན་འཕྲིན་ཁང་གིས་བཅར་འདྲིར་དང་ལེན་བྱེད་སྐབས། ཧྥ་རན་སི་ཡིས་ཝུའུ་ཁུ་ལན་ལ་མཉམ་ལས་བྱས་ཏེ། ཝུའུ་ཁུ་ལན་ལའཕྲུལ་སྣང-2000”རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱ་རྒྱུ་མ་ཟད། ད་ལོའི་དབྱར་ཁ་ནས་བཟུང་ཧྥ་རན་སི་རུ་ཝུའུ་ཁུ་ལན་གྱི་གནམ་གྲུ་ཁ་ལོ་བ་གསོ་སྐྱོང་བྱ་རྒྱུ་ཡིན་པར་བཤད། ཁོས་ད་དུང་། ཧྥ་རན་སི་ཡིས་ཝུའུ་ཁུ་ལན་གྱི་དམག་མི4500ལ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཟེར། 

མ་ཁེ་ལུང་གིས། ཧྥ་རན་སེ་ཡིས་ཝུའུ་ཁུ་ལན་ལ་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་པའི་དམིགས་ཡུལ་ནི་ཝུའུ་ཁུ་ལན་གྱིས“རང་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བར་སྣང་ལ་སྲུང་སྐྱོང་བྱེད”ཐུབ་པ་བྱ་རྒྱུ་དེ་རེད།

མ་ཁེ་ལུང་གིས་མིག་སྔའི་ཕ་དབྱི་འགལ་འདུ་གླེང་སྐབས། དབྱི་སི་རལ་དང་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ལ་མྱུར་དུ་དམག་འཁྲུགས་མཚམས་འཇོག་པའི་འབོད་སྐུལ་བཏང་། དེ་དང་མཉམ་དུ། ཧྥ་རན་སི་ཡིས་ཕ་ལེ་སི་ཐན་རྒྱལ་ཁབ་ཞིག་ཡིན་པར་ཁས་ལེན་བྱེད་པའི་དུས་ལ་ཐོན་མེད་པར་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།