ཀྲུང་གོ་བོད་ཀྱི་དྲ་བ།

ཅེ་ཁེ་རུ་མེ་འཁོར་གཉིས་རྡུང་ཐུག་བརྒྱབ་སྟེ་ཉུང་མཐར་ཡང་མི4ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅེ་ཁེའི་བྱང་ཤར་ཕྱོགས་སུ་ཚེས5ཉིན་གྱི་དགོང་མོར་འགྲུལ་སྐྱེལ་མེ་འཁོར་ཞིག་དང་ཟོག་སྐྱེལ་མེ་འཁོར་གཉིས་རྡུང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི4ཚེ་ལས་འདས་པ་དང་མི23ལ་རྨས་སྐྱོན་ཐེབས་པ་རེད། 

ཅེ་ཁེ་བརྙན་འཕྲིན་ཁང་གིས་ཚེས5ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། དོན་རྐྱེན་དེ་ནི་ཅེ་ཁེའི་བྱང་ཤར་གྲོང་ཁྱེར་ཕ་ཨར་ཏུའུ་པི་ཚའེ་རུ་བྱུང་ཞིང་། སྐབས་དེར་འགྲུལ་སྐྱེལ་མེ་འཁོར་ནང་འགྲུལ་བ300ལྷག་ཡོད་པ་རེད། བརྙན་འཕྲིན་གྱི་བརྙན་རིས་ལས་མངོན་པ་ལྟར་ན། འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྒམ་གཅིག་འཁོར་ལམ་ལས་གཞོགས་སུ་ལོག་ཡོད་པ་རེད། 

ཅེ་ཁེ་ཉེན་རྟོག་ཕྱོགས་ཀྱིས་ཚེས5ཉིན་གྱི་དགོང་མོར་སྤྱི་འབྲེལ་སྨྱན་བྱད་བརྒྱུད་དེ། ཡུལ་དངོས་སུ“རྨས་མ་མང་པོ་ཡོད”པར་བཤད།

རྒྱུས་ལོན་པ་ལྟར་ན། མིག་སྔར་རོགས་སྐྱོབ་བྱ་འགུལ་མཇུག་སྒྲིལ། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།