ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཧྥོ་ལོ་ལི་ཏ་མངའ་སྡེའི་འགྲུལ་འཁོར་ཞིག་ལ་དོན་རྐྱེན་བྱུང་སྟེ་མི8རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་ཧྥོ་ལོ་ལི་ཏ་མངའ་སྡེའི་འགྲིལ་འགྲུལ་ཁྲིམས་སྐྱོང་སྡེ་ཁག་གིས་ཚེས14ཉིན་བཤད་རྒྱུར། མངའ་སྡེ་དེར་བཟོ་བ53འདྲུད་པའི་འགྲུལ་འཁོར་ཞིག་ཟོག་འཁོར་ཞིག་དང་རྡུང་ཐུག་བརྒྱབ་སྟེ་མི8རྐྱེན་ལམ་དུ་ཤོར་བ་དང་མི8ལ་རྨས་ལྕི་མོ་ཕོག 

ཁྲིམས་བསྟར་སྡེ་ཁག་གིས། དོན་རྐྱེན་དེ་ནི་ཆུ་ཚོད6དང་སྐར་མ35ཡས་མས་སུ་མ་ལི་ཨིན་རྫོང་ནུབ་ཕྱོགས་ཀྱི་རྒྱལ་ལམ་སྟེང་བྱུང་ཞིང་། འགྲུལ་འཁོར་དེ་ནི་ཞིང་ར་ཞིག་ཏུ་བསྐྱོད་སྐབས་ལམ་བར་དུ་ཟོག་འཁོར་ཞིག་དང་རྡུང་ཐུག་བརྒྱབ་པ་རེད་ལ། རྒྱུ་རྐྱེན་ཅི་ཡིན་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པར་བཤད། 

སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། འགྲུལ་འཁོར་སྟེང་གི་མི་གཞན་པ་ཚང་མ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། དེའི་ཁྲོད་ཀྱི་མི25རྨས་སྐྱོན་ཅུང་ཡང་མོ་ཡིན་པར་བཤད། ། 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།