ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུའི་མིན་མའེ་རུ་བརྡ་ཁྱབ་སྦྱར་བྱང་མར་ལྷུང་བའི་དོན་རྐྱེན་བྱུང་སྟེ་མི14ཚེ་ལས་འདས་ཤིང་མི70ལ་རྨས་སྐྱོན་ཐེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་སྨྱན་བྱད་ཀྱིས་བསྒྲགས་པའི་གསར་འགྱུར་ལྟར་ན། ཧིན་རྡུའི་ཆེས་ཆེ་བའི་གྲོང་ཁྱེར་མིན་མའེ་རུ་ཚེས13ཉིན་གྱི་དགོང་མོར་དྲག་རླུང་དང་ཐོག་བརྒྱག་གི་གནམ་ཟླ་བྱུང་སྟབས། གྲོང་ཁྱེར་དེའི་ཤར་ཕྱོགས་ཀྱི་སྣུམ་སྣོན་ས་ཚིགས་ཤིག་གི་བརྡ་ཁྱབ་སྦྱར་བྱང་མར་ལྷུང་སྟེ། མི14ཚེ་ལས་འདས་པ་དང་ཉུང་མཐར་ཡང་མི70ལ་རྨས་སྐྱོན་ཐེབས་ཡོད། 

གསར་འགྱུར་ནང་། དོན་རྐྱེན་བྱུང་ས་ནི་གྲོང་ཁྱེར་དེའི་ཅ་ཐེ་ཁེ་ཕ་ཨར་ས་ཁུལ་ཡིན་ལ། རོགས་སྐྱོབ་བྱ་འགུལ་སྤེལ་བཞིན་པའི་སྒང་རེད། མིག་སྔར་རྨས་མ35སྔར་བཞིན་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ལ། དེའི་ཁྲོད་ཀྱི་མི་གཅིག་གི་གནས་ཚུལ་ཛ་དྲག་ཡིན་པར་བཤད། 

ས་གནས་ཀྱི་ཉེན་རྟོག་པས། མར་ལྷུང་བའི་བརྡ་ཁྱབ་སྦྱར་བྱང་ནི་ཁྲིམས་འགལ་གྱིས་སྒྲིག་སྦྱོར་བྱས་པ་ཡིན་པས་འབྲེལ་ཡོད་སྡེ་ཁག་གིས་དེར་བརྟག་དཔྱད་བྱེད་བཞིན་ཡོད་ཚུལ་བསྟན། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།