ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་གི་འཐུས་མིས་ཡོ་ནན་ལ་འཚམས་འདྲི་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས12ཉིན་ནས་ཚེས13ཉིན་བར། ཡོ་ནན་གུང་ཁྲན་ཏང་གི་གདན་ཞུ་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གི་ལག་རོགས་ཀྲའོ་ཧྲི་ཐུང་ཀྲུང་གུང་གི་འཐུས་མི་ཁྲིད་དེ་ལའོ་ཝུའོ་ལ་འཚམས་འདྲི་གནང་། འཚམས་འདྲི་གནང་བའི་རིང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའ་ཅིའམ། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལི་ཧྲོའེ་ཀྲུང་ལ་ཐུག་འཕྲད་གནང་བ་མ་ཟད། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་དྲིལ་སྒྲོག་སློབ་གསོ་པུའུ་དང་ཀྲུང་དབྱང་ཕྱི་ཕྱོགས་པུའུ་ཡི་འགན་འཁུར་མི་སྣ་དང་མཉམ་དུ་བྱ་བའི་ཐད་བཞུགས་མོལ་གནང་། 

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཡོ་ནན་བར་གྱི་འབྲེལ་བ་དང་ཐུན་མོང་གིས་དོ་སྣང་བྱེད་བཞིན་པའི་གནད་དོན་ཐད་བསམ་བློ་བརྗེ་རེས་གནང་བ་མ་ཟད། ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ལ་དངོས་འབེབ་ལག་བསྟར་བྱས་ཏེ། ཏང་གཉིས་བར་བརྗེ་རེས་དང་མཉམ་ལས་གཏིང་ཟབ་དུ་སྤེལ་རྒྱུ་དང་། འཐབ་ཇུས་ཀྱི་སྦྲེལ་མཐུད་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན། ཁྱབ་ཁོངས་སོ་སོའི་དངོས་ཕན་མཉམ་ལས་ལ་སྐུལ་འདེད། དམངས་ཁྲོད་ཀྱི་མཛའ་མཐུན་རྨང་གཞི་སྲ་བརྟན་དུ་གཏོང་བ། ལག་གདང་མཉམ་འབྲེལ་སྒོས་འཐབ་ཇུས་རང་བཞིན་ལྡན་པའི་ཀྲུང་གོ་དང་ཡོ་ནན་བར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས་པར་འདོད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།